སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

        2014-03-11

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐ

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས9ཉིན་འབྱོར་བའི་གཏམ་གསར། ཚེས9ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་མངག་བཅོལ་ལྟར་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་ཆེན་ལ་ལས་ཀའི་སྙན་སེང་ཞུས་པ་རེད།
    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།
    ཀྲང་ཏེ་ཅང་གིས་སྙན་སེང་གི་ནང་དུ་གསུང་རྒྱུར། འདས་པའི་ལོ་གཅིག་ནི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་བཅའ་ཁྲིམས་ལྟར་འགན་ནུས་སྒྲུབ་པའི་ལོ་དང་པོ་ཡིན་ལ། རྒྱུན་ལས་ཨུ་ལྷན་གྱིས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ལག་ལེན་བསྟར་བ་དང་། ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་བཅས་ཀྱིས་ཁྲིད་སྟོན་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གིས་དབུ་ཁྲིད་འོག་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་དབང་ལག་ལེན་ཏན་ཏིག་བྱས་ཤིང་། སྔོན་མའི་རྨང་གཞིའི་ཐོག་དམངས་ཆེན་ལས་ཀར་སྐུལ་འདེད་བཏང་ནས་གོམ་པ་གསར་པ་སྤོས་ཡོད་པ་དང་། སྐབས་འདིའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་འགོ་ཡག་པོ་ཞིག་ཚུགས་ཐུབ་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།
    ཀྲང་ཏེ་ཅང་གིས་ཕྱོགས་བདུན་གྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་ལས་ཀ་གཙོ་བོར་ཕྱིར་དྲན་བྱས་པ་སྟེ།གཅིག་ནི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་གཅིག་གྱུར་བཀོད་སྒྲིག་བྱས་ཡོད། གཉིས་ནི་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་གཏོང་རྒྱུས་གཙོ་བོ་བྱས་ནས་ཁྲིམས་འཛུགས་ལས་ཀར་གོམ་པ་གསར་པ་སྤོས་ཐུབ་ཡོད།གསུམ་ནི་ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུས་གཙོ་བོ་བྱས་ནས་ལྟ་སྐུལ་ལས་ཀར་གོང་འཕེལ་གསར་པ་ཐོབ་ཡོད།བཞི་ནི་འཐུས་མིས་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་སྲུང་དང་རྒྱབ་སྐྱོར་བྱས་ནས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།ལྔ་ནི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་ཇུས་གཞི་ཆེན་པོར་ཞབས་འདེགས་དང་བརྩི་བཀུར་དང་ལེན་བྱས་ནས་དམངས་ཆེན་གྱི་ཕྱོགས་འབྲེལ་ལས་ཀ་ཡག་མོ་བསྒྲུབས་ཡོད།།དྲུག་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དམངས་ཆེན་གྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀ་བཅོས་བསྒྱུར་བྱས་ཡོད།བདུན་ནི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད།ཀྲང་ཏེ་ཅང་གིས་བསྟན་དོན། ང་ཚོས་བློ་རིག་གསལ་པོས་མཐོང་དགོས་པ་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀ་དེ་མི་དམངས་ཀྱི་རེ་སྒུག་དང་འཐུས་མི་ཚོའི་བླང་བྱ་བར་ད་རུང་ཧེ་བག་མི་ཆུང་བ་ཡོད། ང་ཚོས་མི་དམངས་ཀྱིས་ལྟ་སྐུལ་བྱ་རྒྱུར་རང་རྟོགས་ཀྱིས་དང་ལེན་ཞུ་བ་དང་། འཐུས་མིའི་གྲོས་གཞིར་ཁེངས་སྐྱུང་གིས་ཉན་འཇོག་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་ཆེས་མཐོའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་དང་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལས་སྒྲུབ་ལས་ཁུངས། མང་ཚོགས་དང་འབྲེལ་འདྲེས་དམ་པོ་བྱེད་པའི་ལས་ཚབ་ཀྱི་ལས་ཁུངས་བཅས་བྱེད་པའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱ་རྒྱུ་ཡིན།
    ཕྱིན་ཆད་ལོ་གཅིག་ནང་གི་ལས་ཀའི་སྐོར་ཀྲང་ཏེ་ཅང་གིས་བསྟན་དོན། 2014ལོར་རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱི་ཁོག་གི་བླང་བྱ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་སྒྲེང་དགོས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་བཅས་ཀྱིས་ཁྲིད་སྟོན་བྱེད་པར་བརྟེན་ནས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ལག་ལེན་དོན་འཁྱོལ་མཐར་ཕྱིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་སྙིང་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་དགོས། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག།བཅའ་ཁྲིམས་ལྟར་རྒྱལ་སྐྱོང་རྒྱུའི་བར་ནུས་ལྡནགཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་པར་བརྟེན། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་བཅའ་ཁྲིམས་ལྟར་འགན་དབང་བེད་སྤྱོད་བྱེད་པ་དང་ལས་ཀ་སྤེལ་དགོས། ས་ཁོངས་གཙོ་གནད་ཀྱི་ཁྲིམས་འཛུགས་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞུང་གཅིག་ཁང་གཉིས་ཀྱི་ལས་ཀར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་སྤེལ་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དུས་བསྟུན་མདུན་བསྐྱོད་ཡོང་བར་སྐུལ་འདེད་བཏང་སྟེཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་རྗེས་གསར་པ་འཇོག་དགོས།
    ཀྲང་ཏེ་ཅང་གིས་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་ལུགས་འཛུགས་རྒྱུ་དང་། ཚན་རིག་དང་མཐུན་པའི་་ཁྲིམས་ལུགས་འཛུགས་པ་དང་དམངས་གཙོས་ཁྲིམས་འཛུགས་བྱེད་པ་སྐུལ་འདེད་ཧུར་ཐག་གཏོང་དགོས། བཅའ་ཁྲིམས་ལྟར་ལྟ་སྐུལ་གྱི་དབང་ཆ་ལག་བསྟར་བྱས་ནས་གཞུང་གཅིག་དང་ཁང་གཉིས་ཀྱི་ལས་ཀར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། མུ་མཐུད་ནས་འཐུས་མིར་ཞབས་ཕྱི་དང་ཕྱི་རོལ་ལ་འགྲོ་འོང་།རང་ཉིད་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་ཐད་ཀྱི2014ལོའི་ལས་ཀའི་ལས་འགན་གཙོ་བོ་ལྷུག་བརྗོད་བྱས་པ་རེད།།
    ཀྲང་ཏེ་ཅང་གིས་ནན་གསུང་གནང་རྒྱུར། ད་ལོའི་ཟླ་བ9པར་ང་ཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ60འཁོར་བར་བསུ་མ་བྱ་རྒྱུ་རེད། ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་གང་ལེགས་བྱུང་རྒྱུར། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་།རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ་དང་། མི་དམངས་རང་ཁྱིམ་རང་བདག་བྱེད་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་འགན་སྲུང་བྱས་ཡོད་ལ། ཏང་གིས་རྒྱལ་ཁབ་ཀྱི་སྲིད་དབང་རྩ་འཛུགས་ནང་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་པ་དང་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པའི་མངོན་འགྱུར་བྱེད་ཚུལ་ཆེས་ཡག་ཤོས་ཀྱང་ཡིན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་བསྟུན་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་མངོན་གསལ་དོད་པོའི་གྲུབ་འབྲས། ལག་ལེན་བྱས་པའི་ཉམས་མྱོང་བཅས་དྲིལ་བསྒྲགས་ཟབ་མོ་བྱེད་དགོས་པ་དང་། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་ཆེས་ཆེ་བའི་དགེ་མཚན་རང་བཞིན་དྲིལ་བསྒྲགས་ཟབ་མོ་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དུས་བསྟུན་མདུན་བསྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་རེད།
    གྲོས་ཚོགས་འདི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཅན་ཀའོ་ཡིས་གཙོ་འགན་བཞེས་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས“གསུམ་བརྒྱད”བུད་མེད་དུས་ཆེན་ལོ་ངོ104འཁོར་བར་དྲན་གསོའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ཕྱུག་འབྲོག་ལས་ཀའི་གྲོས་ཚོགས་འཚོགས།  
  • དོ་སྣང་ཆེ་བའི་རྩོམ།