ཧྲན་ཞི་ཞིང་ཆེན་གྱིས་བྲེལ་མྱུར་ངང་འབྲུ་འདེབས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར34.5སྤྲད་ནས་དཔྱིད་རྨོར་སྐུལ་འདེད་བཏང་།

མིག་དམར་གྱིས་བསྒྱུར།        2014-03-06

  ཞིན་ཧྭ་གསར་འགྱུར་ཁང་ཐེ་ཡོན་ནས་ཟླ་བ2པའི་ཚེས19ཉིན་འབྱོར་བའི་གཏམ་གསར། དཔྱིད་རྨོ་ཐོན་སྐྱེད་ཀྱི་གྲ་སྒྲིག་ལས་ཀ་དང་ཐན་འགོག་བྱས་ཏེ་ལོ་ལེགས་ཡོང་བར་ཁག་ཐེག་བྱེད་ཆེད། ཧྲན་ཞི་ཞིང་ཆེན་ནོར་སྲིད་ཐིང་གིས་ཉེ་ཆར་བྲེལ་མྱུར་གྱིས2014ལོར་འབྲུ་འདེབས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར34.5སྤྲད་དེ་དཔྱིད་རྨོ་ཐོན་སྐྱེད་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་རེད།
    2014ལོར་ཧྲན་ཞི་ཞིང་ཆེན་གྱིས་འབྲུ་འདེབས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཁྱབ་ཁོངས་ནང་གྲོ་དང་མ་རྨོ་ལོ་ཏོག འབྲུ་རིགས་དཀྱུས་མ། ཞོག་ཁོག་རིགས་བཅས་རིགས་ཆེན་པོ་བཞི་འདུས་ཡོད་ཅིང་། འབྲུ་འདེབས་ཞིང་དུད་ཀྱིས་གྲོ་མུའུ་རེ་འདེབས་པར་ཁ་གསབ་རོགས་དངུལ་སྒོར85ལེན་ཆོག་པ་དང་མ་རྨོ་ལོ་ཏོག་དང་ཞོག་ཁོག་རིགས་མུའུ་རེ་འདེབས་པར་ཁ་གསབ་རོགས་དངུལ་སྒོར60ལེན་ཆོག འབྲུ་རིགས་དཀྱུས་མ་མུའུ་རེ་འདེབས་པར་ཁ་གསབ་རོགས་དངུལ་སྒོར80ལེན་ཆོག་པ་རེད། ཟླ་བ3པའི་ཚེས15ཉིན་གྱི་སྔོན་དུ་ཁ་གསབ་རོགས་དངུལ་དེ་དག་འབྲུ་འདེབས་ཞིང་པའི་ལག་ཏུ་སྤྲད་གང་ཐུབ་བྱ་རྒྱུ་རེད། 
  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་སྲིད་གཞུང་དང་སློབ་གསོར་ལྟ་སྐུལ།ཚོད་སྐོར་ལྟ་ཞིབ་ཚད་ལེན་བཅས་གཞི་གཅིག་ཏུ་བསྡུས་པའི་སློབ་གས
  • ལེ་ཚན་རྗེས་མ།:བོད་རང་སྐྱོང་ལྗོངས་ཀྱིས་ཇོ་མ་གླང་མ་སོགས་རྒྱལ་ཁབ་ཀྱི་གླིང་ཀ་འཛུགས་སྐྲུན་ཚོད་ལྟའི་གཞི་ཁྱོན་དུ་འགོད་རྩི
  • དོ་སྣང་ཆེ་བའི་རྩོམ།