མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་མོས་མཐུན་ཐོབ་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས<<སློབ་གསོ་ལྟ་སྐུལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་དོ་དམ་བྱེད་ཐབས་བསྒྱུར་རྒྱུའི་སྐོར་གྱི་བསམ་འཆར་>>(གཤམ་དུ<<བསམ་འཆར་>>ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་རེད།<<བསམ་འཆར་>>ལྟར་རང་རྒྱལ་གྱིས་སྲིད་གཞུང་ལ་ལྟ་སྐུལ་དང་།སློབ་གསོར་ལྟ་སྐུལ།ཚོད་སྐོར་ལྟ་ཞིབ་ཚད་ལེན་བཅས་གཞི་གཅིག་ཏུ་བསྡུས་པའི་སློབ་གསོའི་ལྟ་སྐུལ་མ་ལག་བཙུགས་པ་རེད།
སྲིད་གཞུང་ལ་ལྟ་སྐུལ་ཞེས་པ་ནི་ས་གནས་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གདེང་འཇོག་ལམ་ལུགས་འཛུགས་པ་དང་། འགན་འཁྲི་འདྲི་རྩད་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། ས་གནས་སྲིད་གཞུང་གིས་སྔོན་ལ་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་ལ་ཟེར། སློབ་གསོར་ལྟ་སྐུལ་ཞེས་པ་ནི་སློབ་གསོར་ལྟ་སྐུལ་བྱེད་པའི་དཔུང་ཁག་གི་དོ་དམ་འཐུས་ཚང་དུ་གཏོང་བ་དང་། སློབ་གསོར་ལྟ་སྐུལ་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ། རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གྲྭའི་ཚད་ལྡན་སློབ་གཉེར་བྱ་སྤྱོད་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས་སློབ་གསོའི་སྤུས་ཀ་རང་རྒྱལ་གྱིས་སྲིད་གཞུང་ལ་ལྟ་སྐུལ་དང་།སློབ་གསོར་ལྟ་སྐུལ། ཚོད་སྐོར་ལྟ་ཞིབ་ཚད་ལེན་བཅས་གཞི་གཅིག་ཏུ་བསྡུས་པའི་སློབ་གསོའི་ལྟ་སྐུལ་མ་ལག་བཙུགས་པ།ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་ལ་ཟེར།ཚོད་སྐོར་ལྟ་ཞིབ་ཚད་ལེན་ནི་སློབ་གསོ་ལྟ་སྐུལ་སྡེ་ཚན་གྱིས་ཁོངས་བསྡུའི་དོ་དམ་བྱེད་པ་དང་།ཆེད་ལས་སྒྲིག་གཞིས་ཞབས་ཞུ་མཁོ་འདོན་བྱེད་པ།སྤྱི་ཚོགས་རྩ་འཛུགས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་ཞུགས་པ་བཅས་ཀྱི་ཆེད་ལས་ཅན་གྱི་སློབ་གསོའི་སྤུས་ཚད་ཚོད་སྐོར་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ནས་རིམ་ཁག་དང་ལས་རིགས་ཁག་གི་སློབ་གསོར་ཚན་རིག་དང་མཐུན་པ་དང་།བརྒྱུད་རིམ་ལྡན་པ།དབང་གྲགས་ལྡན་པ་བཅས་ཀྱི་ཚོད་སྐོར་ལྟ་ཞིབ་ཚད་ལེན་བྱས་ཏེ་སློབ་གསོ་སློབ་ཁྲིད་དང་།དོ་དམ།ཐབས་ཇུས་བཅས་ལེགས་སུ་གཏོང་རྒྱུར་གཞི་འཛིན་ས་དང་འདེགས་སྐྱོར་མཁོ་འདོན་བྱེད་པ་ལ་ཟེར།