

ཞི་ཅིན་ཕིང་དང་།ལི་ཁེ་ཆང་།ཀྲང་ཏེ་ཅང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་གྲོས་ཚོགས་སུ་ཕེབས་ཤིང་རྟེན་འབྲེལ་ཞུས།ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་ཞུས།ཧན་ཆི་ཏེས་གྲོས་གཞིའི་ལས་ཀའི་གནས་ཚུལ་གྱི་སྙན་སེང་ཞུས།ཏུའུ་ཆིང་ལིན་གྱིས་གྲོས་ཚོགས་གཙོ་འགན་བཞེས།
ཟླ་བ3པའི་ཚེས3ཉིན་གྱི་ཕྱི་དྲོར་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་པ་རེད།སླད་ཕྱིན་གྱི་ཉིན་དགུའི་ནང་སྲིད་གྲོས་ཨུ་ཡོན2000ལྷག་ཙམ་གྱིས་ཆབ་སྲིད་གྲོས་མོལ་དང་།དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་གི་འགན་ནུས་བསྒྲུབས་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཏེ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐུན་མོང་གི་ངོས་འཛིན་གོང་བུ་གཅིག་ཏུ་འགྲིལ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་བྱ་རྒྱུ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན།ལིང་ཅི་ཧྭ།ཧན་ཆི་ཏེ།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།ཏུང་ཅན་ཧྭ།ཝན་ཀང་།ལིན་ཝུན་དབྱི།ལུའོ་ཕུའུ་ཧོ།ཧོ་ཧོའུ་ཧྭ།ཀྲང་ཆིང་ལི།ལི་ཧའེ་ཧྥེང་།སུའུ་རུང་།ཁྲེན་ཡོན།ལུའུ་ཀྲན་ཀུང་།ཀྲོའུ་ཞའོ་ཁྲོན།ཝང་ཅ་རུའེ།ཝང་ཀྲེང་ཝུའེ།མ་པེའོ།ཆི་ཞུས་ཁྲུན།ཁྲེན་ཞའོ་ཀོང་།མ་ཕེ་ཧྭ།ལིའུ་ཞའོ་ཧྥེང་།ཝང་ཆིན་མིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་།ལི་ཁེ་ཆང་།ཀྲང་ཏེ་ཅང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཤིང་གྲོས་ཚོགས་སྐོང་ཚོགས་བྱེད་པར་རྟེན་འབྲེལ་ཞུས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཕེབས་དགོས་པའི་ཨུ་ཡོན་2229ཡོད་པ་དང་།དངོས་སུ་ཕེབས་པའི་ཨུ་ཡོན་2172ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཡུས་ཀྲེང་ཧྲེང་གིས་ཕྱོགས་བརྒྱད་ཀྱི་ཐད་ནས་འདས་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཕྱོགས་བསྡུས་གནང་ཡོད། ཁོང་གིས་གསུང་དོན། 2013ལོ་ནི་ཁྱོན་ཡོངས་ནས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་སྟོབས་ལག་ལེན་དོན་འཁྱོལ་མཐར་ཕྱིན་བྱས་པའི་འགོ་ཚུགས་ལོ་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་འཛིན་ཁྲོད་དུ་གསར་སྐྲུན་དང་། གསར་སྐྲུན་ཁྲོད་དུ་འཕེལ་རྒྱས་གཏོང་བའི་ལོ་ཞིག་ཀྱང་ཡིན་པ་རེད། ལོ་གཅིག་རིང་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཀྲུང་གུང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱིས་འགོ་ཁྲིད་གནང་འོག་མི་དམངས་སྲིད་གྲོས་ཀྱིས་རྒྱལ་གཅེས་རིག་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་ཀར་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་ཏན་བྱས་ཡོད། མཐུན་སྦྱོར་འབྲེལ་བ་དང་། ནུས་ཤུགས་འདུ་འགྲིལ། ཐབས་འདོན་ཇུས་འདོན། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱེད་པར་ཕན་ནུས་གསར་པ་ཐོབ་ཡོད། བཅོས་བསྒྱུར་དང་འཕེལ་རྒྱས་ཞབས་འདེགས་ཞུས་པར་འགྲུབ་འབྲས་གསར་པ་ཐོབ་པ་དང་། གྲོས་མོལ་དམངས་གཙོ་ལ་སྐུལ་འདེད་གཏོང་བར་ཡར་རྒྱས་གསར་པ་བྱུང་བ། ལས་ཀའི་ཀུན་སྤྱོད་ལེགས་བཅོས་བྱེད་པར་གཏོར་བརྒལ་གསར་པ་བྱུང་ནས་སྐབས་འདིའི་སྲིད་གྲོས་ལས་ཀའི་ལས་འགོ་ཡག་པོ་ཚུགས་པར་མངོན་འགྱུས་བྱས་ཡོད།
ཡུས་ཀྲེང་ཧྲེང་གིས་བསྟན་དོན། 2014ལོ་ནི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལོ་དང་པོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་ལྔ་པ་ལེགས་འགྲུབ་བྱ་རྒྱུའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པ་རེད། མི་དམངས་སྲིད་གྲོས་ལས་ཀའི་སྤྱི་ཁོག་གི་བླང་བྱ་ནི་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་དང་།བློ་མཐུན་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་སྙིང་དོན་གཏིང་ཟབ་ཏུ་ལག་ལེན་དོན་འཁྱོལ་མཐར་ཕྱིན་པ་བྱས་ནས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོ་སྒྲེང་དགོས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱེད་དགོས། བརྟན་བརླིང་ནང་ཡར་ཐོན་ཡོང་བའི་ལས་ཀའི་སྤྱིའི་ལས་སྟངས་རྒྱུན་འཁྱོངས་བྱེད་དགོས། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་ཀུན་གྱིས་དོ་སྣང་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་ནུས་མཐོ་རུ་གཏོང་རྒྱུས་གཞི་འཛིན་ས་བྱེད་དགོས། སྤྱི་ཚོགས་དྲང་གཞུང་དྲང་བདེན་ཡོང་བ་དང་མི་དམངས་ཀྱི་བདེ་སྐྱིད་སྣོན་པར་སྐུལ་སྤེལ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ནས་ཧུར་ཐག་གིས་ཐབས་འདོན་ཇུས་འདོན་བྱས་ཏེ་གྲོས་མོལ་དམངས་གཙོ་ལ་སྐུལ་འདེད་དང་། ལས་ཀ་གསར་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་བྱས་རྗེས་གསར་པ་འཇོག་དགོས།
ཡུས་ཀྲེང་ཧྲེང་གིས་ནན་གསུང་གནང་དོན། ཀྲུང་གུང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུའི་དམིགས་ཡུལ་གསལ་པོ་བཏོན་ཡོད། ང་ཚོས་སྤྱིའི་དམིགས་ཡུལ་དེར་དམ་པོ་དམིགས་ཏེ་བཅོས་བསྒྱུར་གསར་སྐྲུན་གྱི་སྙིང་སྟོབས་འགན་ནུས་ལག་ལེན་བསྟར་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། སྔར་ལས་ལྷག་པར་འགན་ནུས་སྒྲུབ་སྟངས་ལེགས་བཅོས་བྱས་ནས་འགན་ནུས་སྒྲུབ་ཤུགས་མཐོ་རུ་གཏོང་བ་དང་འགན་ནུས་སྒྲུབ་པའི་ཕན་ནུས་ཇེ་དྲག་ཡོང་བ་བྱེད་དགོས།འགན་ནུས་སྒྲུབ་ཤུགས་དེང་རབས་ཅན་དུ་སྐྲུན་པར་ཤུགས་ཆེན་པོ་སྐུལ་འདེད་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ནུས་པ་དེ་བས་ཆེན་པོ་འདོན་སྤེལ་བྱེད་གང་ཐུབ་བྱེད་དགོས།
སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཧན་ཆི་ཏེས་ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་ནས་བཟུང་གི་གྲོས་གཞི་ལས་ཀ་བསྒྲུབས་ཚུལ་ཞུས་པ་རེད། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་ནས་བཟུང་། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་དུ་ཞུགས་པའི་སྡེ་ཚན་སོ་སོ། ཆེད་ལས་ཨུ་ཡོན་སོ་སོས་གྲོས་གཞི་ཁྱོན་བསྡོམས5884བཏོན་ཡོད། ཞིབ་བཤེར་བྱས་པར་བརྒྱུད། གྲོས་གཞི5403ལ་གྱོ ད་དོན་ཐོ་འགོད་བྱས་ཡོད། གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་དང་། དམིགས་སའི་རང་བཞིན་ཡག་པོ་ཡིན་པ། གྲོས་གཞི་ཐག་གཅོད་བྱས་པར་བརྒྱུད་བསམ་འཆར་དང་གྲོས་གཞི་མང་པོ་དང་ལེན་བྱས་པར་མ་ཟད། ད་རུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད། སྡེ་ཚན་གྱི་ལས་ཀ་བཅས་ཀྱི་ནང་དོན་འཁྱོལ་བྱས་སྟབས། ཇུས་འགོད་ཚན་རིག་ཅན་དང་དམངས་གཙོ་ཅན་ལ་སྐུལ་འདེད་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་སྐབས་གསར་པའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་འགན་ནུས་སྒྲུབ་ཤུགས་དང་ཆུ་ཚད་མཚོན་ཡོད་པ་རེད། 2014ལོའི་ཟླ་བ2པའི་ཚེས20ཉིན་ལ་སླེབས་དུས། གྲོས་གཞི5396ཐག་གཅོད་བྱས་ཏེ་ཐག་བཅད་ཚད་བརྒྱ་ཆ99.8ལ་སླེབས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པ་གདན་འདྲེན་ཞུས་པར་ལྟར་སྲིད་གྲོས་ཀྱི་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་བྱས་ཡོད། རྒྱལ་ཁབ་སོ་སོའི་ཀྲུང་གོར་བཅའ་སྡོད་བྱེད་མཁན་བློན་ཆེན་ཚོས་གདན་འདྲེན་ཞུས་པར་ལྟར་འགོ་ཚུགས་གྲོས་ཚོགས་ལ་ཟུར་ཉན་བྱས་ཡོད།