དཔའ་རིས་རྫོང་གི་བོད་རིགས་སྤུན་ཟླ་ཚོས་བོད་ཤིང་ཕོ་རྟ་ལོའི་ལོ་སར་གྱི་དཔལ་ལ་རོལ།

    དཔའ་རིས་བརྙན་འཕྲིན་ཁང་།    2014-03-05

ཟླ་གསུམ་པའི་ཚེས་གཉིས་ཉིན་ནི་བོད་ཤིང་ཕོ་རྟ་ལོའི་ལོ་སར་ཡིན་ལ ། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་བཀྲ་ཤིས་ཕྱུག་ལུང་ཞང་ཕུང་ནག་རིས་སྡེ་བའི་འབྲོག་པ་ཚོ་མཉམ་དུ་འཛོམས་ནས་དགའ་དགའ་སྐྱིད་སྐྱིད་ངང་ལོ་སར་གྱི་དཔལ་ལ་རོལ།
   ཉིན་འདིར་དཔའ་རིས་རྫོང་ཕུང་ནག་རིས་སྡེ་བའི་འབྲོག་པ་ཚོས་གཟབ་འཕྱོར་སྤྲས་ནས་རྩྭ་ཐང་གི་དཀྱིལ་དབུས་སུ་གནས་པའི་དཔའ་རིས་དུས་འཁོར་མཆོད་རྟེན་ཆེན་པོར་ཕེབས་ཏེ་འདུ་ཁང་དུ་སྒྲོལ་མའི་གཙོ་སྐུ་ལ་ཕྱག་འཚལ་བ་དང་མཇལ་སྐོར་གནང་བ། བསང་ཕུད་པ་སོགས་བྱས་རྗེས། མཆོད་རྟེན་ཆེན་མོའི་སྒོ་ལམ་དུ་འཛོམས་ཏེ་ལོ་ལོན་རྒན་གྲས་གྲལ་འགོར་དྲངས་པ་དང་གཡས་གྲལ་དར་གཞོན་ཚོ་དང་གཡོན་གྲལ་མ་སྲུ་ཚོ་བཞུགས་ནས་གྲོ་སོ་ཕྱེ་མར་དང་། འོ་ཇ་ཞིམ་པོ་དང་བདུད་རྩི་བསིལ་མ་སོགས་རིམ་པ་བཞིན་འགྲུལ་བ་ཚོར་ཕུལ་བ་དང་། ཨ་ཁུ་སྟོབས་ཚང་ཕུན་ཚོགས་ཀྱི་ཡུལ་མི་སྤུན་ཟླ་ཚོར་བཀྲ་ཤིས་བའི་ཁ་གཡང་སྨོན་ཚིག་ཕུལ།
   མཆོད་རྟེན་དཀར་བོ་རྒྱབ་ཏུ་བརྟེན་པ་དང་གངས་རི་དཀར་བོ་སྔོན་དུ་བསྒྲིགས་པའི་དགའ་སྟོན་ཐོག་ཕུང་ནག་རིལ་སྡེ་བའི་གླུ་བ་གླུ་མ་ཚོ་གཅིག་རྗེས་གཉིས་མཐུད་དུ་གར་སྟེགས་ཐོག་བུད་དེ་སྐྱིད་པའི་དཔའ་རིས་དམངས་གླུ་སང་སང་ངག་ལ་བཀུགས་ནས་ལོ་སར་ལ་རྟེན་འབྲེལ་ཞུ་་བ་དང་གྲལ་བཞུགས་སྐུ་མགྲོན་ཚོར་བཀྲ་ཤིས་བདེ་ལེགས་ཞུས། གྲང་རླུང་འུར་འུར་དུ་ལྡང་ནའང་ཚང་མས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྤྲོ་སེམས་མེ་ལྟར་འབར་བཞིན་ཡོད། 
   ཤེས་བ་ལྟར་ན་། ཕུང་ནག་རིལ་སྡེ་བའི་ལོ་སར་གྱི་དགའ་ཚོགས་འདི་ནི་ཐོག་དང་བོར་སྤེལ་བ་ཡིན་ལ་། ན་ནིང་སྟོན་ཁར་དཔའ་རིས་སུ་ཆེས་ཆེ་བའི་དུས་འཁོར་མཆོད་རྟེན་ཆེན་མོ་འདི་བཞེངས་གྲུབ་བྱུང་བའི་རྗེས་སུ་ས་དེའི་དད་ལྡན་དམངས་ཚོགས་ལ་ཆོས་ཀྱི་འདུ་འགོད་སྤེལ་པར་སྟབས་བདེ་བསྐྲུན་པར་མ་ཟད་། རང་སའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་། ཁོ་ཚོས་དེང་ཕྱིན་ཆད་མུ་མཐུད་དུ་བོད་ལོ་སར་བའི་སྲོལ་གསར་དེ་ཡང་ནས་ཡང་དུ་བསྒྲུབ་རྒྱུ་ཡིན་ཟེར།
   གཞན་ཡང་ཤེས་བ་ལྟར་ན་། བོད་ཤིང་ཕོ་རྟ་ལོའི་ལོ་སར་བསུ་བའི་ཆེད་དུ་། དཔའ་རིས་རྫོང་མཁར་དུ་གནས་བའི་བོད་ཀྱི་སྤུན་ཟླ་ཁ་ཤས་བོད་ལུགས་ཟ་ཁང་ཞིག་ཏུ་འཛོམས་ནས་གླུ་ལེན་གར་རྩེད་ལས་བོད་ཤིང་རྟ་ལོའི་ལོ་གསར་གྱི་དཔལ་ལ་རོལ། ལོ་ལོན་རྒན་པོ་རུག་གེ་སངས་རྒྱས་ཚེ་བརྟན་གྱིས་དགའ་སྤྲོའི་་ངང་གསར་འགོད་པར་པར་བཤད་རྒྱུ།

དཔའ་རིས་རྫོང་གི་བོད་རིགས་སྤུན་ཟླ་ཚོས་བོད་ཤིང་ཕོ་རྟ་ལོའི་ལོ་སར་གྱི་དཔལ་ལ་རོལ།

དཔའ་རིས་རྫོང་གི་མང་ཚོགས་ཀྱིས་བོད་ལོ་སར་བཞིན་པ།

དཔའ་རིས་རྫོང་གི་བོད་རིགས་སྤུན་ཟླ་ཚོས་བོད་ཤིང་ཕོ་རྟ་ལོའི་ལོ་སར་གྱི་དཔལ་ལ་རོལ།

དཔའ་རིས་རྫོང་གི་མང་ཚོགས་ཀྱིས་བོད་ཀྱི་ལོ་སར་ལ་རོལ་བའི་རྣམ་པ།

  • ལེ་ཚན་སྔོན་མ།:པེ་ཅིན་བོད་ལྗོངས་སློབ་འབྲིང་གི་སློབ་མས་བོད་ལུགས་ལོ་སར་ལ་རོལ་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་ཚོགས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།