མཚོ་སྔོན་པོ་དྲ་བ། 2014-03-05
པེ་ཅིན་བོད་ལྗོངས་སློབ་འབྲིང་གི་སློབ་མས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
པེ་ཅིན་བོད་ལྗོངས་སློབ་འབྲིང་གི་སློབ་མས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ལམ། པེ་ཅིན་དུ་ཡོད་པའི་བོད་ལྗོངས་སློབ་འབྲིང་གི་སློབ་མ་བརྒྱད་བརྒྱ་ལྷག་རང་ཡུལ་དང་གྱེས་ནས་སློབ་གྲྭ་དེ་གའི་དགེ་རྒན་རྣམས་དང་མཉམ་དུ་གླུ་ལེན་གར་རྩེད་ཀྱི་ལྟད་མོ་ཕུན་སུམ་ཚོགས་པ་འཁྲབ་སྟོན་བྱས་ཏེ། བོད་ལུགས་ཤིང་ཕོ་རྟ་ལོའི་ལོ་སར་ལ་རོལ།
པེ་ཅིན་བོད་ལྗོངས་སློབ་འབྲིང་ནི་གཅིག་དགུ་གྱ་བདུན་ལོར་བཙུགས་ཤིང་། པེ་ཅིན་གྲོང་ཁྱེར་གྱིས་བོད་ལྗོངས་ལ་སློབ་གསོའི་རོགས་སྐྱོར་གནང་བའི་ལས་ཁུངས་གལ་ཆེན་ཞིག་ཡིན་ལ། མིག་སྔའི་བར་དུ་མཐར་ཕྱིན་སློབ་མ་སྟོང་ལྔ་ལྷག་སྐྱེད་སྲིང་བྱས་པ་དང་། དེའི་ཁྲོད་སློབ་མ་སྟོང་བཞི་ལྷག་ཕྱིར་བོད་ལྗོངས་སུ་ལོག་ནས་བོད་ལྗོངས་འཛུགས་སྐྲུན་དང་གོང་སྤེལ་གྱི་བྱ་གཞག་ཁྲོད་ཞུགས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10