ཐེམ་ཆེན་རྫོང་གིས་བོད་ཤིང་ཕོ་རྟ་ལོའི་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

བོང་སྟག་རི་ལུ།    མཚོ་སྔོན་པོ་དྲ་བ།    2014-03-04

ཐེམ་ཆེན་རྫོང་གིས་བོད་ཤིང་ཕོ་རྟ་ལོའི་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།
ཐེམ་ཆེན་རྫོང་གིས་བོད་ཤིང་ཕོ་རྟ་ལོའི་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

      བོད་ཤིང་ཕོ་རྟ་ལོའི་ལོ་གསར་ལ་བསླེབས་པ་དང་མཉམ་དུ། ཐེམ་ཆེན་རྫོང་གི་བོད་རིགས་མང་ཚོགས་ཀྱིས་ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་དེ་ཐེམ་ཆེན་རྫོང་རིག་གནས་བྱ་འགུལ་ཁང་དུ་སྤེལ།
      ཐེངས་འདིའི་རིག་རྩལ་བྱ་འགུལ་ལ་ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པ་དང་དམངས་ཁྲོད་ཀྱི་གླུ་བ་གླུ་མའི་འཐུས་ཚབ་པ་སྐོར་ཅིག་གིས་རིག་རྩལ་བྱ་འགུལ་ཕུན་སུམ་ཚོགས་པ་སྟེ། དམངས་གླུ་དང་། རྡུང་ལེན། ཞབས་བྲོ།  བཤད་པ། བཞད་གར་སོགས་འཁྲབ་སྟོན་བྱས་ནས་བོད་ལུགས་ཀྱི་ལོ་སར་བསུས་པ་ལ། བལྟ་མཁན་མང་པོས་དགའ་བསུ་ཆེར་ཆེར་ཐོབ་ལ།  དེ་ལས་ས་གནས་བོད་རིགས་མང་ཚོགས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ལོངས་སྤྱོད་ཅིག་རྒྱ་ཆེའི་བལྟ་མཁན་མང་པོའི་སྙན་ལམ་དང་སྤྱན་ལམ་དུ་བསྟར།

  • ལེ་ཚན་སྔོན་མ།:ཝང་ཆི་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གྲོས་ཚོགས་བས
  • ལེ་ཚན་རྗེས་མ།:ད་ལོ་ནས་བཟུང་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཁོར་ཡུག་བཅོས་སྐྱོང་ལས་གཞི་གསུམ་གྱི་བྱ་བ་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།