ད་ལོ་ནས་བཟུང་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཁོར་ཡུག་བཅོས་སྐྱོང་ལས་གཞི་གསུམ་གྱི་བྱ་བ་སྤེལ་རྒྱུ་རེད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2014-03-05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བྱས་པར་གཞིགས་ཏེ། ད་ལོ་ནས་བཟུང་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཁོར་ཡུག་བཅོས་སྐྱོང་བྱ་བ་སྤེལ་རྒྱུ་ཡིན་པ་དང་། གཅིག་བསྡུས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་མཛེས་ལྗོངས་ཁུལ་དང་དེའི་མཐའ་འཁོར་གྱི་སྡེ་བའི་ཁོར་ཡུག“བཙོག་འབག་ཞན”གསུམ་གྱི་གནད་དོན་ཐག་གཅོད་བྱས་ཏེ། མུ་མཐུད་དུ་ཤང་གྲོང་གི་འཕེལ་རྒྱས་ཁོར་ཡུག་དང་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རབ་མཛེས་མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་དང་སྐྱེ་ཁམས་དཔལ་ཡོན། ཕྱིའི་སྣང་བརྙན་བཅས་ཇེ་ལེགས་སུ་གཏོང་རྒྱུ་རེད།
 
རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་མཛེས་ལྗོངས་ཁུལ་དང་དེའི་མཐའ་འཁོར་སྡེ་བའི་ཁོར་ཡུག་གི་གནས་བབ་ནི་མཚོ་སྔོན་གྱིས་ཕྱི་ལ་སྒོ་འབྱེད་བྱས་པའི་གཅིག་བསྡུས་སྣང་བརྙན་གྱི་མངོན་ཚུལ་ཞིག་ཡིན་པ་དང་། དེའི་ཁོར་ཡུག་གི་གནས་བབ་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤྱིའི་ཆུ་ཚད་མཚོན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་གི་རྣམ་པ་དང་མཚོ་སྔོན་མི་དམངས་ཀྱི་བསམ་པའི་སྣང་བརྙན་མཚོན་ཡོད།
 
མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་མཛེས་ལྗོངས་ཁུལ་དང་དེའི་མཐའ་འཁོར་སྡེ་བའི་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་བ་དེ་ལོ་གསུམ་རིང་ལག་བསྟར་བྱེད་རྒྱུ་རེད། བསྟུད་མར་ལོ3རིང་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་ལག་བསྟར་བྱས་པ་བརྒྱུད། 2016ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་འགྲམ་རྒྱུད་དང་གནས་སྐོར་མཛེས་ལྗོངས་ཁུལ་དང་དེའི་མཐའ་བསྐོར་སྡེ་བའི“ཁོར་ཡུག་གཙང་ཞིང་སྐྱེ་ཁམས་མཛེས་པ་དང་། སྒྲིག་ཆས་ཆ་ཚང་ལ་དོ་དམ་གོ་རིམ་ལྡན་པ”དང་། ཁོར་ཡུག་དོ་དམ་ཚད་ལྡན་ཅན་དང་ཞིབ་ཕྲ་ཅན། རྒྱུན་ལྡན་ཅན་གྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།
 
  • ལེ་ཚན་སྔོན་མ།:ཐེམ་ཆེན་རྫོང་གིས་བོད་ཤིང་ཕོ་རྟ་ལོའི་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་ལོ་སར་སྐབས་སུ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་མང་པོ་ས
  • དོ་སྣང་ཆེ་བའི་རྩོམ།