མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-02-16
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས13ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧང་ག་རིའི་ཙུང་ལི་ཨུག་ཨེ་པན་ལ་མཇལ་འཕྲད་གནང་།
ཀྲང་ཏི་ཅང་གིས་གསུང་རྒྱུར། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔ་དང་རྒྱལ་ཁབ་གཉིས་བར་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་སྐབས་འདིར། སྐུ་ཞབས་ཙུང་ལི་འཚམས་འདྲིར་ཡོང་སྟེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་ཕྱོགས་ཡོངས་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཐུན་མོང་གི་ལྟ་བ་གལ་ཆེན་མང་པོ་བཞག ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཧང་ག་རིའི་རྒྱལ་ཚོགས་གཉིས་ཀྱིས་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ་སོགས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པར་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་བསྐྲུན་ཏེ། ཀྲུང་གོ་དང་ཧང་ག་རི་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་སྤྱི་ཚོགས་དང་མང་ཚོགས་རེ་འདུན་གྱི་རྨང་གཞི་འདིང་འདོད་ཡོད་ཟེར།
ཨུག་ཨེ་པན་གྱིས་ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་སྨོན་འདུན་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་གཉིས་ཕན་མཉམ་ལས་སྔར་ལས་ཇེ་དམ་དུ་གཏོང་བར་རེ་བ་བྱེད་བཞིན་པའི་ཚུལ་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10