ཞི་ཅིན་ཕེན་གྱིས་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཀྲང་ཀོང་ཞིག་ལ་ཡིག་ལན་བསྐུར་བ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་རྣམས་ལ་རེ་བ་ནན་མོ་བཏོན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-02-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཡན་ཐའེ་གྲོང་ཁྱེར་ཧྥུའུ་ཧྲན་ཆུའུ་ཡི་ཧྥུའུ་ཞིན་སྲང་ལམ་ལུའུ་ཧྲང་སྡེ་བའི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཀྲང་ཀོང་ཞིག་ལ་ཡིག་ལན་བསྐུར་ནས། ཁོ་མོ་ནད་དྲག་སྟེ་ཕྱིར་བྱ་བའི་ལས་གནས་སྟེང་ལོག་པར་འཚམས་འདྲི་ཞུས་པ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་རྣམས་ལ་རེ་བ་ནན་མོ་བཏོན།

ཞི་ཅིན་ཕེན་གྱིས་འཕྲིན་ཡིག་ནང་གསུང་རྒྱུར། ཁྱོད་ཀྱིས་བསྐུར་བའི་འཕྲིན་ཡིག་ངའི་ལག་ཏུ་འབྱོར། ཁྱོད་ཀྱི་ལུས་ཕུང་བདེ་ཐང་དུ་གྱུར་ནས་ཕྱིར་བྱ་བའི་ལས་གནས་སྟེང་ལོག་པའི་གནས་ཚུལ་གོ་རྗེས། ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁྱོད་ཀྱི་ལུས་ཕུང་སྔར་ལས་བདེ་ཐང་ཡོང་བར་སྨོན་ཟེར།

ཞིང་སྡེའི་རྣམ་པ་བསྒྱུར་བ་དང་། ཞིང་བའི་མང་ཚོགས་རྣམས་འཚོ་བ་སྐྱིད་པོ་རོལ་བར་རོགས་རམ་བྱེད་པ། རྒྱ་ཆེའི་ཞིང་སྡེ་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ན། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོ་ཡོད་དགོས་ལ། ཞིང་སྡེ་དང་གཞི་རིམ་གྱི་ལས་བྱེད་པ་ཁྲི་སྟོང་མང་པོས་རྒྱ་ཆེའི་ཞིང་བ་མང་ཚོགས་ཁྲིད་དེ་འབད་བརྩོན་ལྷོད་མེད་བྱེད་དགོས། སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་འཆར་འགོད་ལག་བསྟར་བྱས་པའི་ཚུན་ལ། སློབ་གྲྭ་ཆེན་མོ་བ་འབུམ་ཕྲག་འགའ་ཞིང་སྡེར་སོང་སྟེ། མང་ཚོགས་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ཞབས་ཕྱི་བསྒྲུབས་ནས། རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱས། ཁྱོད་ཚོས་བཞག་པའི་བྱས་རྗེས་ལས་ཞིང་བ་མང་ཚོགས་ལ་མྱོང་ཚོར་ཟབ་མོ་ཐེབས་ཡོད། ངས་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་གྱི་བྱས་རྗེས་མཚོན་པའི་དཔྱད་གཞིའི་ཡིག་རིགས་མང་པོ་མཐོང་མྱོང་བ་དང་། ཁྱོད་ཚོའི་ཡར་ཐོན་དང་བྱས་རྗེས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ཀྲང་ཀོང་ཞིག་དང་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཚང་མས་གཞི་རིམ་ལ་དགའ་བ་དང་གཞི་རིམ་དུ་རྐང་ཚུགས་ཏེ། ཤེས་རྒྱ་ཇེ་ཡངས་སུ་གཏོང་བ་དང་། ཞིང་སྡེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་བ་མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱེད་དགོས་པའི་རེ་བ་བཏོན།  ། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་གིས་ཧང་ག་རིའི་ཙུང་ལི་ཨུག་ཨེ་པན་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།