བོད་ལྗོངས་ཆབ་མདོ་ས་ཁུལ་དུ་རླུང་འཕྲིན་བརྙན་འཕྲིན་ཕལ་ཆེར་ཡོངས་སུ་ཁྱབ་པ།
བོད་ལྗོངས་ཉིན་རེའི་ཚགས་པར། 2014-02-16
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་རླུང་འཕྲིན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2013ལོའི་ལོ་མཇུག་བར། ཆབ་མདོ་ས་ཁུལ་དུ་རིགས་མི་འདྲ་བའི་རླུང་འཕྲིན་བརྙན་འཕྲིན་ས་ཚིགས་བསྡོམས་པས1915བསྐྲུན་ཡོད་པ་དང་། དེའི་ནང“གྲོང་ཚོ་རེ་རེ་ལ་ཁྱབ་པའི”ས་ཚིགས1882ཡོད་པ་དང་། ས་ཁུལ་དང་རྫོང་གི་ས་ཚིགས33ཡོད། “དུད་ཁྱིམ་རེ་རེར་ཁྱབ་པའི”ཐད་གཏོང་སྲུང་སྐར96248ཡོད་པ་རེད། དགོན་སྡེ518ལ་རླུང་འཕྲིན་བརྙན་འཕྲིན་ཁྱབ་པ་མངོན་འགྱུར་བྱས་ཤིང་། གློག་ཡོད་པའི་དགོན་སྡེའི་གྲ་ཤག་རེ་རེ་ལ་གློག་འཐེན་པ་དང་། གློག་མེད་པའི་དགོན་སྡེ་ཚང་མར་གློག་འཐེན་ཐུབ་པ་བཅས་མངོན་འགྱུར་བྱས་པ་མ་ཟད། བསྡོམས་པས་སྒྲིག་ཆས7337བསྐྲུན་ཡོད་པ་རེད། ས་ཁུལ་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ཁྱབ་ཚད་ཁག་སོ་སོར་མི་གྲངས96.97%དང97.34%ཡོད་པས། ཆབ་མདོ་ས་ཁུལ་དུ་རླུང་འཕྲིན་བརྙན་འཕྲིན་ཕལ་ཆེར་ཡོངས་སུ་ཁྱབ་ཡོད་པ་རེད། །