མི་ དམངས་ དྲ་ བའི་ འཕྲིན། ཟླ་ 1ཚེས་ 14ཉིན་ གྱི་ སྔ་ དྲོར། སི་ ཁྲོན་ ཞིང་ ཆེན་ ལིའང་ ཧྲན་ ཁུལ་ མེན་ ཉིང་ རྫོང་ བསྐྱར་ དར་ གྲོང་ རྡལ་ འཛུགས་ སྐྲུན་ གྲོང་ ཚོར་ 2013ལོའི་ ལོ་ མཇུག་ གི་ ཡོང་ འབབ་ བགོ་ བའི་ ཚོགས་ འདུ་ འཚོགས་ ཤིང་ ། ལོ་ མཇུག་ གི་ ཡོང་ འབབ་ བགོ་ གྲངས་ ཁྱོན་ བསྡོམས་ དངུལ་ སྒོར་ ཁྲི་ 1311.5ཟིན་ པ་ རེད། ཚོགས་ རར་ ལྗིད་ ཚད་ ལ་ རྒྱ་ མ་ 312ཡོད་ པའི་ མི་ དམངས་ ཤོག་ སྒོར་ གྲ་ འགྲིག་ པོ་ བརྩེགས་ ཡོད་ པ་ དང་ ། མ་ རྐང་ བཞག་ པའི་ དུད་ ཁྱིམ་340ལྷག་ གི་ གྲོང་ མི་ ཚོས་ བང་ བསྒྲིགས་ ཏེ་ ཡོང་ འབབ་ ལེན་ བཞིན་ ཡོད་ ཅིང་ ། མང་ ཤོས་ དུད་ ཁྱིམ་ གཅིག་ ལ་ སྒོར་ ཁྲི་ 30ལེན་ རྒྱུ་ ཡོད་ པ་ དང་ ། ཉུང་ ཤོས་ ལ་ ཡང་ སྒོར་ ཁྲི་ ཙམ་ ལེན་ རྒྱུ་ ཡོད་ པ་ རེད།