ཀྲང་ཏུང་ཧྲེང་གིས་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་འཐུས་ཚོགས་ཐེངས་གཉིས་པར་ཞུགས་པའི་དཀར་མཛེས་ཁུལ་གྱི་འཐུས་མི་རྣམས་ལ་འཚམས་འདྲི་ཞུས།
ཐུབ་བསྟན་གྱིས་བསྒྱུར། 2014-01-21
ཟླ་བ་དང་པོའི་ཚེས16ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གིས་མངག་བཅོལ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ།ཀྲུའུ་རེན་གཞོན་པ་ཀྲང་ཏུང་ཧྲེང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་ཐེངས་གཉིས་པར་ཞུགས་པའི་དཀར་མཛེས་ཁུལ་གྱི་འཐུས་མི་སྡོད་ཡུལ་དུ་ཕེབས་ནས་འཐུས་མི་རྣམས་ལ་མཛའ་བརྩེའི་འཚམས་འདྲི་ཞུས་པ་རེད།
ཀྲང་ཏུང་ཧྲེང་གིས་འཐུས་མི་རྣམས་དང་ཕྱག་འཇུས་གནང་ཞིང་འཐུས་མི་ཚོའི་ལས་ཀ་དང་འཚོ་བའི་སྐོར་གླེང་མོལ་ཞིབ་ཕྲ་གནང་བ་དང་། ཁོང་གིས་འཐུས་མི་ཚོས་ངེས་པར་དུ་འགན་ནུས་ལེགས་སྒྲུབ་བྱ་རྒྱུ་དང་། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་སྒྲུབ་འདུ་ཤེས་ཚད་མཐོན་པོ་བཅངས་ཤིང་ཆབ་སྲིད་ཀྱི་དགའ་ཞེན་ཆེན་པོ་དང་ཡར་སྐྱེད་ཀྱི་བསམ་པའི་འཁྱེར་སོ། དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་ཚོགས་ཆེན་འདི་ཡག་པོ་འཚོགས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་མེད་པའི་འགན་འཁྲི་ཡག་པོ་བསྒྲུབས་ཏེ་ཚོགས་ཆེན་བདེ་བླང་ངང་ལམ་ལྷོང་ཡོང་བའི་ཆེད་དུ་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས་པའི་ཐུགས་རེ་གནང་བ་རེད།