ཟླ་བ་དང་པོའི་ཚེས18ཉིན། སི་ཁྲིན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་ལ་ཚོགས་འགོ་ཚུགས་པ་རེད། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི879ཡིན་ཞིང་།དངོས་སུ་ཞུགས་པའི་འཐུས་མི855ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཧྥན་རུའེ་ཕིང་། ཀྲང་ཏུང་ཧྲེང་། ཕེན་ཡུས། ལིའུ་ཏའོ་ཕིང་། ཙེང་ཧྲེན་ཆོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་སུ་བཞུགས་ཡོད།
སྔ་དྲོའི་ཆུ་ཚོད9དང་སྐར་མ30ལ། ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚོགས་རའི་ཚོགས་མི་ཡོངས་རྫོགས་ཡར་བཞེངས་ཤིང་རྒྱལ་གླུ་སྒྲོག་པ་རེད།
ཞིང་དཔོན་ཝེ་ཧུང་གིས་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་པ་རེད། ཝེ་ཧུང་གིས2013ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱིས་སྲ་བརྟན་གྱི་འགོ་ཁྲིད་འོག་དང་། ཞིང་ཆེན་དམངས་ཆེན་དང་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག ཞིང་ཆེན་སྲིད་གཞུང་གིས་འགན་ནུས་ནན་ཏན་བསྒྲུབས་ནས་ཞིང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དམ་པོར་བརྟེན་པ་དང་། དཀའ་ངལ་དང་འགྲན་རྩོད་སྣ་མང་ལ་བབ་བརླིང་ལྡན་པས་ཁ་གཏད་འཇལ་ཞིང་། འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་ཧུར་ཐག་བྱས་ནས་མཆོང་བརྒལ་བྱ་རྒྱུ་གཉིས་ལ་སྐུལ་འདེད་གང་ཐུབ་བྱས་ཏེ། ཡོང་འཕར་བརྟན་པོ་ཡོང་བ་དང་།ཆགས་ཚུལ་ལེགས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བ། དམངས་འཚོར་དངོས་ཕན་སྐྲུན་པ་སོགས་ཀྱི་ལས་ཀ་ཁག་ལ་གཅིག་གྱུར་འཆར་འགོད་བྱས་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་བརླིང་ཁྲོད་དུ་གོང་འཕེལ་བྱུང་བ་དང་། བརྟན་བརླིང་ཁྲོད་དུ་ལེགས་ཕྱོགས་སུ་འགྲོ་བའི་འགོ་ཡག་པོ་ཚུགས་ཡོད་ཅེས་གསུངས་པ་རེད། ད་ལོའི་དམིགས་ཡུལ་དང་ལས་འགན་ཁག་བཀོད་སྒྲིག་བྱེད་རིང་ཝེ་ཧུང་གིས་གསུངས་པར། 2014ལོ་ནི་འགོ་འཛུགས་ས་གསར་པའི་ཐོག་སྒོ་ཀུན་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལག་ལེན་བསྟར་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ད་ལོར་སྲིད་གཞུང་ལས་ཀའི་སྤྱི་ཁོག་གི་བླང་བྱ་ནི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་འདུ་ཤེས་བཅས་ཀྱིས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་ཟབ་མོ་བྱེད་དགོས། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀ་དང་གྲོང་རྡལ་ཅན་གྱི་ལས་ཀའི་གྲོས་ཚོགས་ཐོག་གི་ཇུས་འགོད་དོན་འཁྱོལ་བྱེད་དགོས། བཅོས་བསྒྱུར་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ལ་གཅིག་གྱུར་འགོ་ཁྲིད་བྱེད་དགོས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་མགྱོ གས་པོ་གཏོང་བའི་བསམ་ཚུལ་གཡོ་འགུལ་མི་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་གཏོང་བའི་ཐབས་ཇུས་ཆེན་པོ་གསུམ་ལག་ལེན་ཟབ་མོ་བྱེད་དགོས། བཅོས་བསྒྱུར་གྱི་སྒུལ་ཤུགས་གང་ལེགས་གཏོང་དགོས། དཔལ་འབྱོར་འཕར་སྣོན་ཡོང་བའི་མི་མངོན་པའི་ནུས་ཤུགས་འཚོལ་ཞིབ་བྱེད་དགོས། ཐོན་ལས་བསྒྱུར་ནས་འཕེལ་རྒྱས་གཏོང་བའི་བརྟན་ཤུགས་སྲུང་འཛིན་བྱེད་དགོས ། སྒོ་ཀུན་ནས་ཚོང་རའི་གསོན་ཤུགས་སྐུལ་སློང་གཏོང་དགོས། ཤུགས་ཆེན་པོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཝེ་ཧུང་གིས་བསྟན་དོན། 2014ལོར་ཡག་པོ་འཛིན་དགོས་པའི་ལས་ཀ་གཙོ་བོ་གཤམ་གསལ་སྟེ། གཅིག་ནི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ་དེ་བས་འཐུས་ཚང་གི་སྒོས་གསར་སྦོལ་རྒྱ་སྐྱེད་གཏོང་དགོས། གཉིས་ནི་གསར་སྐྲུན་དང་སྐུལ་འདེད་བྱ་རྒྱུ་ལག་ལེན་ཟབ་སྤེལ་བྱས་ཏེ་ཐོན་ལས་བསྒྱུར་ནས་རིམ་པ་སྤར་བ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་རྒྱུན་ཆད་མེད་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ་རྣམ་པ་གསར་པའི་གྲོང་རྡལ་ཅན་སྐྲུན་པར་སྐུལ་འདེད་གཏོང་དགོས། ལྔ་ནི་མ་དངུལ་གཏོང་ཕྱོགས་ལེགས་སྒྲུག་དང་མ་དངུལ་གཏོང་འཇོག་བརྟན་བརླིང་བྱས་ཏེ་ཕན་ནུས་ལྡན་པའི་སྒོས་འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་སྐྱེད་དུ་གཏོང་དགོས། དྲུག་ནི་ཕྱོགས་མང་པོས་རྒྱབ་རྟེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བདུན་ནི་མངོན་གསལ་དུ་དམངས་འཚོའི་ལས་དོན་དངོས་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་རིག་གནས་བྱ་གཞག་འཕེལ་རྒྱས་ཟབ་མོ་གཏོང་དགོས། བརྒྱད་ནི་བཅའ་ཁྲིམས་ལྟར་སྤྱི་ཚོགས་བདག་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་གང་ཐུབ་བྱེད་དགོས། དགུ་ནི་གནོད་སྐྱོན་ཐེབས་ཁུལ་གྱི་ཁྱིམ་གཞིས་བསྐྱར་འཛུགས་ལས་ཀ་ཡག་པོ་འཛིན་ནས་ཤུགས་ཆེན་པོས་གནོད་འགོག་གནོད་སེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། བཅུ་ནི་ཁོར་ཡུག་བདག་སྐྱོང་དང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ་རྒྱུན་ཆད་མེད་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
སྲིད་གཞུང་རང་ཉིད་ཀྱི་འཛུགས་སྐྲུན་བྱ་རྒྱུའི་སྐོར་གསུངས་དུས་ཝེ་ཧུང་གིས་ནན་གསུང་གནང་དོན། སྲིད་གཞུང་རང་ཉིད་ཀྱི་འཛུགས་སྐྲུན་དང་བཅོས་བསྒྱུར་བྱ་རྒྱུ་ཡག་པོ་འཛིན་པ་ནི་སྲིད་གཞུང་ལས་ཀ་ཡག་པོ་སྒྲུབ་ཐུབ་པའི་རྨང་གཞི་ཡིན་པ། ལོ་གསར་པའི་ནང་རང་ཉིད་ནས་གསར་བརྗེ་བྱེད་པའི་སྙིང་སྟོབས་སྤྱད་དེ་སྲིད་གཞུང་འགན་ནུས་འགྱུར་ལྡོག་མགྱོ གས་པ་ཡོང་བ་བྱེད་དགོས། བཅའ་ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་དགོས། ལས་སྒྲུབ་ཀུན་སྤྱོད་ལེགས་བཅོས་བྱེད་གང་ཐུབ་བྱེད་དགོས། སྲིད་གཙང་འཛུགས་སྐྲུན་བྱ་རྒྱུ་ཡག་པོ་འཛིན་དགོས། མི་དམངས་ཀྱི་བློར་བབ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་ཞབས་ཕྱི་ཅན་གྱི་སྲིད་གཞུང་སྐྲུན་གང་ཐུབ་བྱེད་དགོས།
གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཐོག་ད་རུང་སི་ཁྲོན་གྱི2013ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་འཆར་ཟིན་སྙན་སེང་དང་། སི་ཁྲོན་ཞིང་ཆེན་གྱི2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་དང་། 2014ལོའི་འཆར་གཞི་འཆར་ཟིན་སྐོར་གྱི་སྙན་སེང་བཅས་ལ་གྲོས་ཞིབ་བྱས་ཡོད།
རང་ཁུལ་གྱི་འཐུས་མི31ཚོགས་ཆེན་ལ་ཞུགས་ཡོད།