ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་ཚུགས།

        2014-01-21

   ཟླ་བ་དང་པོའི་ཚེས16ཉིན་གྱི་སྔ་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དེ་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས་པ་རེད།ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག།འཐབ་ཕྱོགས་སོ་སོ་ནས་ཡོང་བའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་འཛོམས་བྱས་ནས་བློ་སེམས་གཅིག་ཏུ་བསྒྲིམས་ནས་ཧུར་ཧག་གིས་འགན་ནུས་བསྒྲུབས་ནས་ཐབས་འདོན་ཇུས་འདོན་བྱས་ནས་སི་ཁྲོན་བརྟན་པོའི་ཁྲོད་ནས་གོང་འཕེལ་ཡོང་བར་བརྩོན་ལེན།བཅོས་བསྒྱུར་གསར་གཏོད་ཡོང་བར་སྐུལ་འདེད་གཏོང་རོགས་བྱས་ནས་མཆོང་བརྒལ་གཉིས་ལས་རྒྱལ་ཁ་གསར་པ་ཐོབ་པར་བྱས་རྗེས་འཇོག་དགོས།
    ཐེངས་འདིའི་གྲོས་ཚོགས་ནང་ཞུགས་དགོས་པའི་ཨུ་ཡོན886ཡོད་པ་དང་དངོས་སུ་ཞུགས་པའི་ཨུ་ཡོན840ཡོད་པས།སྲིད་གྲོས་ཀྱི་སྒྲོག་སྲོལ་གཏན་འབེབས་དང་མཐུན་པ་རེད།
    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འགོ་ཚུགས་པའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡན་ཡུང་ཧོ་དང་ཀྲུང་ཏུང་ཡུས།ཧོང་རུན་ཆིའུ།ཀའོ་ཧྥུང་།ཚུའེ་པའོ་ཧྭ། ཀྲའེ་ཀྲན་དབྱི།དབྱང་ཞིན་ཕིང་།ཝང་ཀྲེན་རོང་།ཀྲའོ་ཀྲེན་ཞན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་སུ་བཞུགས་ཡོད།
    ཝང་ཏུང་མིང་དང་ཝེ་ཧུང་།ཁོ་ཙུན་ཕིང་།ལིའུ་ཉན་ཀོང་སོགས་སི་ཁྲོན་ཞིང་ཆེན་དང་ཁྲེང་ཏུའུ་དམག་ཁུལ་གྱི་འགོ་ཁྲིད་རྣམས་འགོ་ཚུགས་པའི་གྲོས་ཚོགས་ནང་ཞུགས་པས་མ་ཚད།ད་དུང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཤིང་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་བ་རེད།
    སྔ་དྲོའི་ཆུ་ཚོད9པའི་ཐོག ཚོགས་ཆེན་འདིཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དུ་འགོ་ཚུགས་པ་རེད།
    ཚོགས་ཆེན་ཐོག་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཚོཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཚོགས་ཀྱི་གྲོས་རིམ་ལ་་གྲོས་མོལ་བྱས་ནས་གྲོས་འཆམས་བྱུང་བ།
    སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱིས་མངགས་བཅོལ་ལྟར་ཡན་ཡུང་ཧོས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་ཞུ་བ།ཡན་ཡུང་ཧོས་གསུང་རྒྱུར།2013ལོ་ནི་སི་ཁྲོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་རང་མིན་པའི་ལོ་ཞིག་ཡིན་པས།གནས་བབ་ཛ་དྲག་ཡིན་ལ་རྙོག་འཛིང་ཆེ་བ།དཀའ་ངལ་དམིགས་བསལ་གྱི་མདུན་དུ་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་པ་བྱས་ཏེ་འགག་སྒྲོལ་དཀའ་སེལ་བྱས་ནས་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀ་ཡག་མོ་ཏན་ཏིག་བསྒྲུབས་པ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོའི་ཁྲོད་དུ་གོང་འཕེལ་ཡོང་བ་དང་བརྟན་པོའི་ཁྲོད་ལེགས་ཕྱོགས་སུ་འགྲོ་བ།ཐོབ་པ་དཀའ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད།
    ལོ་གཅིག་གི་རིང་ལ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མཐུན་སྒྲིལ་དང་དམངས་གཙོས་བརྗོད་བྱ་གཙོ་བོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་སྲ་བརྟན་གྱིས་འགོ་ཁྲིད་གནང་འོག ཞིང་ཆེན་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོས་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་བསྒྲུབས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱེད་པ་དང་མཆོང་བརྒལ་གཉིས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ནས་མཛེས་སྡུག་དར་སྤེལ་འཆམ་མཐུན་བཅས་ཀྱི་སི་ཁྲོན་འཛུགས་སྐྲུན་བྱ་རྒྱུར་ལས་ཀ་འབོར་ཆེན་ཞིག་སྒྲུབ་ཡོད་ལ།འཇོག་དགོས་པའི་བྱས་རྗེས་བཞག་ཡོད།
    སྙན་ཞུའི་ནང་ཕྱོགས་ལྔའི་ཐད་ནས་2013ལོའི་ལས་ཀར་ཕྱོགས་བསྡོམས་དང་ཕྱིར་མིག་བལྟས་པ་རེད།  2014ལོའི་ལས་ཀ་སྒྲུབ་རྒྱུའི་སྐོར་གྱི་གྲོས་གཞི་དེ་སྙན་སེང་ཐོག་བསྟན་དོན། ད་ལོ་ནི་འགོ་འཛུགས་ས་གསར་པའི་ཐོག་སྒོ་ཀུན་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལག་ལེན་བསྟར་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པ། ཞིང་ཆེན་སྲིད་གྲོས་ཀྱི་ལས་ཀའི་སྤྱི་ཁོག་གི་བླང་བྱ་ནི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་འདུ་ཤེས་བཅས་ཀྱིས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་ཟབ་མོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛད་པའི་གལ་ཆེན་གྱི་གསུངས་བཤད་སྙིང་དོན་རབ་དང་རིམ་པ་སློབ་སྦྱོང་དང་དེར་གོ་བ་ལོན་དགོས། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་བློ་བརྟན་འགྱུར་མེད་ཀྱིས་འགོ་ཁྲིད་གནང་འོག་མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོ་བྱེད་པའི་གལ་ཆེན་གྱི་ཐབས་ལམ་ནུས་པ་འདོན་སྤེལ་བྱེད་དགོས། འཕར་སྣོན་ཡོང་བར་བརྟན་བརླིང་བྱེད་པ། སྒྲིག་གཞི་ལེགས་སྒྲིག བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་ཐོགས་པ་བཅས་ལ་དམིགས་ཏེ་འགན་ནུས་ལག་བསྟར་དང་སྤྱི་ཡོངས་ལ་ཞབས་ཕྱི་བྱེད་དགོས། ལས་ཀ་ཁག་ལྟེ་བའི་ལས་འགན་དང་དེ་བས་འཕྲོད་ཐུབ་པ་དང་། ཇུས་བཀོད་ཀྱི་དགོས་མཁོ་དང་དེ་བས་མཐུན་ཐུབ་པ། མི་དམངས་ཀྱི་བསམ་ཚུལ་དེ་བས་མཚོན་ཐུབ་པ་བྱས་ཏེ་སྒོ་ཀུན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཆེན་པོ་གསུམ་ལག་ལེན་བསྟར་བ་དང་། མཆོང་རྒོལ་གཉིས་ལ་སྐུལ་འདེད་གཏོང་བར་མཐུན་སྒྲིལ་དང་འབད་འཐབ་བྱེད་དགོས། སྤྱི་ཁོག་གི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་ཆེད། གཅིག་ནི་ཀྲུང་གུང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། བཅོས་བསྒྱུར་གྱི་ཐུན་མོང་ངོས་འཛིན་གོང་བུ་གཅིག་ཏུ་སྒྲིམ་པ་དང་འཕེལ་རྒྱས་གཏོང་བའི་ནུས་ཤུགས་འདུས་དགོས་པ་རེད། གཉིས་ནི་སྤྱི་ཡོངས་ལ་ཞབས་ཕྱི་བྱེད་དགོས། གྲོས་གཞི་འདོན་པ་དང་ནུས་ཤུགས་བཏོན་ནས་རང་རེའི་ཞིང་ཆེན་གྱི་བཅོས་བསྒྱུར་བྱེད་པ་དང་འཕེལ་རྒྱས་གཏོང་བ། བརྟན་བརླིང་ཡོང་བའི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་སྟེ་སྔར་ལས་ལྷག་པར་མི་དམངས་སྲིད་གྲོས་ཀྱིས་དམངས་གཙོ་གྲོས་མོལ་བྱེད་པའི་གལ་ཆེན་གྱི་ཐབས་ལམ་ནུས་པ་འདོན་སྤེལ་བྱེད་དགོས། བཞི་ནི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་རྒྱུན་ཆད་མེད་པར་རང་ཉིད་ཀྱི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས།
སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། ཀྲང་ཡུས་ཏུང་གིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞི་ལས་ཀ་སྤེལ་ཚུལ་ཞུས་པ་རེད།
  • ལེ་ཚན་སྔོན་མ།:གུ་གེ་སྒྲ་སྙན་གྱི་གླུ་གཞས་ཕྱོགས་སྒྲིག《ང་ཡི་མཛེས་མ》སྤེལ་ལ་ཉེ་བ།
  • ལེ་ཚན་རྗེས་མ།:ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།