མགོ་ལོག་ཁུལ་གྱིས་བོད་སྐད་ཡིག་སྦྱོང་བར་ཤུགས་བསྣན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-01-17

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཁུངས་ཀྱི་ལས་བྱེད་པས་བོད་སྐད་ཡིག་སྦྱོང་རྒྱུ་དེ། ལས་བྱེད་པའི་མི་རིགས་སྐད་ཡིག་གི་ནུས་པ་ཇེ་ཆེར་བཏང་ནས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱེད་ཐབས་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་སྒྲུབ་བཞིན་ཡོད། ཤུགས་ཆེན་པོས་ལས་གནས་སུ་ཡོད་པའི་ལས་བྱེད་པས་མཉམ་གཅིག་དུ་བོད་སྐད་ཡིག་ལ་སྦྱོང་རྒྱུ་དང་མཉམ་གཅིག་ཏུ་ཡིག་རྒྱུགས་ལེན་པ། གཞུང་ཞབས་པའི་ལོ་མཇུག་གི་བྱ་བའི་སྤྱི་བསྡོམས་ཁྲོད་བཞག་ནས། སློབ་སྦྱོང་བྱ་འགུལ་ལ་རྣམ་པ་གསར་བ་ཞིག་ཆགས་ཡོད།
      མགོ་ལོག་ཁུལ་གྱི་ལོ་ཞེ་ལྔ་མན་གྱི་ལས་བྱེད་པ་ལོ་རེར་ཐེངས་གཅིག་དང་ཐེངས་གཉིས་ལ་ཟླ་གཅིག་གི་རིང་ལ་མཉམ་གཅིག་ཏུ་སློབ་སྦྱོང་བྱེད་པའི་ཁྲོད་ཞུགས་དགོས་པ་དང་། གཞན་མཉམ་གཅིག་ཏུ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་བོད་སྐད་ཡིག་གི་རྒྱུགས་གཞི་ལ་ཞུགས་དགོས། མིག་སྔའི་བར་དུ་མགོ་ལོག་ཁུལ་གྱི་ལས་བྱེད་པ800ལྷག་གསོ་སྦྱོང་ལ་ཞུགས།
  • ལེ་ཚན་སྔོན་མ།:ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།