ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-01-10

ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས8ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཅི་ཏེ་མ་ཅ་ཡིས་ཚོགས་འདུར་མགོ་འཛིན་བྱས།

    “4.14”ཡུས་ཧྲུའུ་ས་འགུལ་བྱུང་བའི་ཚུན་ནས་བཟུང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་བདེ་བླག་ངང་མཇུག་བསྒྲིལ་བ་དང་། མཛེས་སྡུག་གི་ཡུས་ཧྲུའུ་གསར་བ་ཞིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བརྗིད་པར་ཆགས་ཡོད་ལ། དེས་གནོད་ཕྱིའི་བསྐྱར་འཛུགས་བྱ་བའི་མི་སེམས་འགུལ་བའི་མཛད་རྗེས་དང་གསོན་ཉམས་ལྡན་པའི་གོ་རིམ་དག་མངོན་པར་མཚོན་ཡོད་པས། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་དུ་གཏོང་ཆེད། ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡིས་ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པ་རྩ་འཛུགས་བྱས་ཏེ། མི་སེམས་སྒུལ་བའི་དུས་སྐབས་རེ་རེ་དང་མཛད་རྗེས་རེ་རེ་བརྗོད་དེ་ཐད་ཀར་དུ་གནོད་ཕྱིའི་བསྐྱར་འཛུགས་ཁྲོད་ཀྱི་བརྩེ་སེམས་དང་ཚེ་སྲོག་གིས་བསྐྲུན་པའི་མཛད་རྗེས། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དག་མི་མང་པོ་ཞིག་ལ་རོལ་མྱོང་བྱེད་དུ་བཅུག་སྟེ་དེའི་ཁྲོད་ནས་སློབ་གསོ་དང་བློ་སྒོ་ཕྱེས།

    སྙན་ཞུ་ཚོགས་འདུའི་སྟེང་། དྲག་ཆས་ཉེན་རྟོག་ཡུས་ཧྲུའུ་ཡན་ལག་རུ་ཁག་གི་ཇུས་འདོན་མཁན་གཞོན་པ་ཧི་ཡུང་རོས་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལུས་ཙིན་ལུའུ་ཡི་སྔོན་ཐོན་བྱས་རྗེས་ཚབ་བཤད་མཁན་ཚེ་རིང་གཡང་སྒྲོན། ཡུས་ཧྲུའུ་རྫོང་དམངས་གཙོ་ལམ་གྱི་མི་དམངས་ཉེན་རྟོག་པ་ལུའུ་ཡའོ་ཀྲུང་གི་སྔོན་ཐོན་བྱས་རྗེས་ཚབ་བཤད་མཁན་ཀྲུའུ་ཏི་ཀའོ། ཡུས་ཧྲུའུ་རྫོང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཅུའུ་ཡི་ལས་བྱེད་པ་ཉི་མ་ལྷ་མོའི་སྔོན་ཐོན་བྱས་རྗེས་ཚབ་བཤད་མཁན་བཀྲ་ཤིས་དབང་མོ། ཡུས་ཧྲུའུ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཉེ་ཁྲིན་ཡུས་ཀྱི་སྔོན་ཐོན་བྱས་རྗེས་ཚབ་བཤད་མཁན་ཀྲོའུ་ཞའོ་ཧུང་། ཀྲུང་གོ་བཟོ་སྐྲུན་ཅུའུ་བརྒྱད་པའི་ཀྲའོ་ཡན་ཞ་སོགས་ཀྱི་སྙན་ཞུ་ཚོགས་པའི་ཚོགས་མིས་གནད་ལ་འཁེལ་ཞིང་བབ་ཆགས་ཀྱི་སྐད་ཆར་བརྟེན་ནས་ཚོགས་འདུའི་ཡུལ་དངོས་ཀྱི་ཉན་མཁན་དག་གི་ཡིད་སེམས་བཀུགས།

    ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་བཅིངས་འགྲོལ་དམག་མི དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་མི། སྤྱི་བདེ་ཉེན་རྟོག་མི་སྣ་བཅས་མི1000ལྷག་སྙན་ཞུ་ཚོགས་འདུར་ཞུགས།

ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་བཅིངས་འགྲོལ་དམག་མི། དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་མི། སྤྱི་བདེ་ཉེན་རྟོག་མི་སྣ་བཅས་མི1000ལྷག་སྙན་ཞུ་ཚོགས་འདུར་ཞུགས།

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་གྱིས2015ལོའི་ལོ་མཇུག་བར་གཞུང་གཉེར་བྱིས་གཉོར་ཁང31གསར་དུ་འཛུགས་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་དགུན་དཔྱིད་གནས་སྐབས་འཚོ་བའི་དཀའ་ངལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུ
  • དོ་སྣང་ཆེ་བའི་རྩོམ།