མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་དགུན་དཔྱིད་གནས་སྐབས་འཚོ་བའི་དཀའ་ངལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.37བཏང་བ།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-01-10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། དངོས་གནས་གནོད་ཁུལ་མང་ཚོགས་ཀྱི་དགུན་དཔྱིད་དུས་སྐབས་ཀྱི་གཞི་རྩའི་འཚོ་བར་བཀོད་སྒྲིག་ལེགས་པོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་དགུན་དཔྱིད་གནས་སྐབས་འཚོ་བའི་དཀའ་ངལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.37བཀོད་སྒྲིག་བྱས།
ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་དུས་ལྟར་མ་དངུལ་གཏོང་སྤྲོད་བྱས། གཏན་འཁེལ་ལྟར།ཀྲུང་དབྱང་གི་ཁ་གསབ་མ་དངུལ་དང་ས་གནས་ཀྱི་རང་བྱུང་གནོད་སྐྱོན་འཚོ་བའི་རོགས་སྐྱོར་མ་དངུལ་གཅིག་གྱུར་གྱིས་བེད་སྤྱོད་བྱས་ནས་བསྡུར་གྲངས་ལྟར་ཁག་བགོ་བའི་ལམ་ལུགས་དངོས་འབེབས་བྱས་པ་དང་། དགུན་དཔྱིད་དུས་སྐབས་ཀྱི་གནོད་ཐེབས་མང་ཚོགས་ཀྱི་ཟ་མ་དང་གྱོན་ཆས། དྲོད་ལེན་སོགས་ཀྱི་དཀའ་ངལ་ཐད་ལ་ཁ་གསབ་བྱས། །

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
  • ལེ་ཚན་རྗེས་མ།:མགོ་ལོག་ཁུལ་གྱིས་བོད་སྐད་ཡིག་སློབ་སྦྱོར་བྱེད་རྒྱུར་ཤུགས་བསྣན་པ།
  • དོ་སྣང་ཆེ་བའི་རྩོམ།