ལྷ་ས་གྲོང་ཁྱེར་གྱིས2015ལོའི་ལོ་མཇུག་བར་གཞུང་གཉེར་བྱིས་གཉོར་ཁང31གསར་དུ་འཛུགས་རྒྱུ་ཡིན་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2014-01-10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ལས་བྱེད་མི་སྣའི་ངོ་སྤྲོད་ལྟར་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་བུ་བཅོལ་ཁང119ཡོད་ཅིང་། དེའི་ནང་དམངས་གཉེར་བུ་བཅོལ་ཁང39ཡོད་པ་དང་། གཞུང་གཉེར་བུ་བཅོལ་ཁང80ཡོད། ན་ནིང་གི་ཟླ8པར་གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་གཞུང་གཉེར་བུ་བཅོལ་ཁང་དུ་ཕྲུ་གུ་འཇུག་དཀའ་བ་དང་། ཁྱིམ་བདག་གིས་མཚན་གང་བོར་གྲལ་བསྒྲིགས་ནས་ཨང་རྟགས་ལེན་དགོས་པའི་ཚུལ་གྱི་གསར་འགྱུར་བསྒྲགས་མྱོང་ཟེར།
 2013ལོར་ལྷ་ས་གྲོང་ཁྱེར་གྱིས་བུ་བཅོལ་ཁང12འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བཀོད་པ་དང་། དེའི་ནང་ནས་བུ་བཅོལ་ཁང9ཡི་ལས་རིམ་སྔོན་མའི་ལས་ཀ་སྒྲུབ་བཞིན་པའི་སྒང་ཡིན་ལ། བུ་བཅོལ་ཁང2ཀྱི་དམིགས་འགུགས་བྱ་བ་ལེགས་འགྲུབ་བྱུང་ཞིང་མི་རིང་འགྱངས་བར་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་དང་། བུ་བཅོལ་ཁང1གི་བཟོ་སྐྲུན་གཙོ་བོ་ད་ལྟ་ལས་བཞིན་སྒང་རེད།
ངོ་སྤྲོད་ལྟར་ན། 2015ལོའི་ལོ་མཇུག་ཏུ། ལྷ་ས་གྲོང་ཁྱེར་གྱིས་གཞུང་གཉེར་བུ་བཅོལ་ཁང31བསྐྲུན་རྒྱུ་ཡིན་པ་དང་། བུ་བཅོལ་ཁང1གི་བཟོ་སྐྲུན་རྒྱ་ཆེར་བསྐྱེད་རྒྱུ་ཡིན་པ་རེད། “གྲོང་ཁྱེར་གཅིག་འགྲམ་ངོགས་གཉིས་ཁུལ་གསུམ”གྱི་གཞུང་གཉེར་བུ་བཅོལ་ཁང37ལ་སླེབས་རྒྱུ་རེད།
 སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་གཞུང་གཉེར་བུ་བཅོལ་ཁང་གི་བཀོད་སྒྲིག་བྱེད་ཚུལ་སྔར་བས་ལུགས་མཐུན་ཡིན་ལ། རྒྱ་ཆེའི་ཁྱིམ་བདག་གི་ཕྲུ་གུ་སློབ་གྲྭར་འཇུག་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་ངེས།  །

  • ལེ་ཚན་སྔོན་མ།:2013ལོར་བོད་ལྗོངས་ཀྱིས་རོང་འབྲོག་པའི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར25.5དངོས་འབེ
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་ས་འགུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།