ཀྲང་ཀའོ་ལིས་ཀྱིས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-01-09

ཀྲང་ཀའོ་ལིས་ཀྱིས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ལ་མཇལ་འཕྲད་གནང་བ།
ཟླ་དང་པོའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཀྲུང་ཝེ་བུའུ་ཡན་ལ་མཇལ་འཕྲད་གནང་།

 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟླ་དང་པོའི་ཚེས7ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཀྲུང་ཝེ་བུའུ་ཡན་ལ་མཇལ་འཕྲད་གནང་། ཕྱོགས་གཉིས་ཀྱིས་ཀྲུང་གོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་བར་གྱི་མཉམ་ལས་སོགས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།
ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་སྤྱིའི་བཀོད་སྒྲིག་བྱས་པ་དང་། ཀྲུང་གོའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དེས་འཛམ་གླིང་གི་འཕེལ་རྒྱས་ཐད་ལ་བྱས་རྗེས་བཟང་བོ་འཇོག་ཐུབ་ཟེར།
ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ལོ་མང་པོའི་རིང་ལ། ཀྲུང་གོས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་བར་དངོས་གཉེར་མཉམ་ལས་སྤེལ་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཀྲུང་གོས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་བར་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན། དེང་སྐབས་ཨེ་ཤ་ཡའི་འཕེལ་རྒྱས་ཐད་ལ་སྔར་བཞིན་ཛ་དྲག་ཆེ་བའི་འགྲན་རྩོད་རབ་དང་རིམ་པ་གནས་ཡོད། ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་དེ་ས་ཁོངས་ཀྱི་ཕྱོགས་མང་གསར་སྤེལ་ལས་ཁུངས་གཙོ་བོ་ཡིན་པའི་ཆ་ནས། ཨེ་ཤ་ཡའི་དབུལ་ཕོངས་མེད་པར་གཏོང་བ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་དགོས་ཟེར།
ཀྲུང་ཝེ་བུའུ་ཡིན་གྱིས་ཀྲུང་གོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། ཀྲུང་གོའི་བར་གྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ལ་ཧུར་ཐག་སྒོས་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།  །

  • ལེ་ཚན་སྔོན་མ།:ཏུའུ་ལེན་རྫོང་གིས་ཞིང་ལས་གཟིགས་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི1500དངོས་འབེབས་བྱས་པ།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་ཀྲུང་གོ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་ཆེ
  • དོ་སྣང་ཆེ་བའི་རྩོམ།