ཀྲང་ཏི་ཅང་ཀྲུང་གོ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་ཆེན་ལ་ཞུགས་ནས་གསུངས་བཤད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-01-09

ཀྲང་ཏི་ཅང་ཀྲུང་གོ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་ཆེ
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས7ཉིན་ཀྲུང་གོ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་ཆེན་ལ་ཞུགས་ནས་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས་བདུན་ཉིན་ཀྲུང་གོ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་ཆེན་ལ་ཞུགས་སྐབས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རིགས་གཞུང་ཞིབ་འཇུག་ལ་ཤུགས་སྣོན་རྒྱུ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དམངས་ཆེན་ལམ་ལུགས་དང་དམངས་ཆེན་བྱ་བ་དེ་བབ་བསྟུན་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན། དམངས་ཆེན་ལམ་ལུགས་ཀྱི་འཕེལ་རྒྱས་ཉམས་མྱོང་ནན་ཏན་སྒོས་སྤྱི་སྡོམ་བྱེད་པ་དང་ཧུར་ཐག་སྒོས་དམངས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས་དང་དམངས་ཆེན་བྱ་བའི་ཆོས་ཉིད་འཚོལ་ཞིབ་བྱེད་དགོས་ལ། དམངས་ཆེན་ལམ་ལུགས་ཀྱི་རིགས་གཞུང་དང་ལག་ལེན་གསར་སྐྲུན་ལ་མུ་མཐུད་ནས་སྐུལ་འདེད་གཏོང་དགོས་པ་དང་། དམངས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲང་ཏི་ཅང་གིས་གསུངས་རྒྱུར། ཞིབ་འཇུག་ཚོགས་པ་འཛུགས་པ་གོ་སྐབས་སུ་བཟུང་སྟེ་དམངས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་བྱ་བའི་གཅིག་གྱུར་གྱི་འཆར་འགོད་དང་རྩ་འཛུགས་ཀྱི་འབྲེལ་འདྲིས། བརྗེ་རེས་བགྲོ་གླེང་བཅས་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་གཉེར་བཅས་རྒྱུན་འཁྱོངས་བྱས་ནས་རིགས་གཞུང་དོན་དངོས་དང་འབྲེལ་བའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་དར་སྤེལ་བྱེད་པ་དང་། རང་སྟེང་གི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱེད་པར་མ་ཟད། འཕེལ་རྒྱས་ཀྱི་མཐོང་རྒྱ་དང་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་རིགས་གཞུང་ཞིབ་འཇུག་བྱ་བར་སྐུལ་འདེད་གཏོང་བ་དང་མུ་མཐུད་དུ་རིགས་གཞུང་ཞིབ་འཇུག་གི་གསོན་ཤུགས་དང་འདྲེན་ཤུགས། གསར་སྐྲུན་ནུས་ཤུགས་བཅས་ཇེ་ཆེར་གཏོང་དགོས་ལ། ཚན་རིག་རིགས་གཞུང་ལ་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་པའི་ནུས་པ་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཧུར་ཐག་སྒོས་དམངས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།  ། 

  • ལེ་ཚན་སྔོན་མ།:ཀྲང་ཀའོ་ལིས་ཀྱིས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཀྲང་ཀའོ་ལེ་ཡིས་ཁྱབ་བཤེར་བྱ་བ་བཟང་བོར་བསྒྲུབ་སྟེ་ཡིད་ཆེས་ཆོག་པའི་གཞི་གྲངས་ངོ་མ་ཡིན་པར་ཁག་ཐེག་བྱེད་དགོ
  • དོ་སྣང་ཆེ་བའི་རྩོམ།