ཏུའུ་ལེན་རྫོང་གིས་ཞིང་ལས་གཟིགས་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི1500དངོས་འབེབས་བྱས་པ།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-01-09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལེན་རྫོང་གིས་ཞིང་ལས་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞིང་ལས་གཟིགས་སྐྱོང་མ་དངུལ་ཡང་དག་སྒོས་དུས་ལྟར་འདང་ངེས་ཀྱིས་ཞིང་བའི་ལག་ཏུ་སྤྲོད་པར་ཁག་ཐེག་བྱས། འབྲུ་རིགས་ཐད་ཀར་ཁ་གསབ་དང་ཞིང་ལས་འཕྲུལ་ཆས་ཕྱོགས་བསྡུས་ཁ་གསབ། རྨོ་འདེབས་ཁ་གསབ། ཞིང་ལས་འཕྲུལ་ཆས་ཁ་གསབ། རྨོ་བསྐྱུར་ནགས་སྐྱོང་ཁ་གསབ་སོགས་ཞིང་ལས་གཟིགས་སྐྱོང་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་པ་ལ། ཏུའུ་ལེན་རྫོང་གིས་མི་ཤུགས་དང་རྒྱུ་ཤུགས་གཅིག་བསྡུས་ཀྱིས་ཞིང་ལས་གཟིགས་སྐྱོང་ལས་གཞིའི་རྨང་གཞི་གཞི་གྲངས་འཚོལ་བསྡུ་བྱས་པ་དང་། རིམ་པ་འོག་མ་ནས་རིམ་བཞིན་རིམ་པ་གོང་མར་སྙན་ཞུ་བྱས་ཏེ་ཞིང་ལས་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དངོས་འབེབས་དང་བྱེད་ནུས་འདོན་སྤེལ་བྱེད་པར་ཁག་ཐེག་བྱས།
ཏུའུ་ལེན་རྫོང་གིས་ན་ནིང་བསྡོམས་པས་འབྲུ་རིགས་ཐད་ཀར་ཁ་གསབ་སོགས་ཞིང་ལས་གཟིགས་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི1502.61དངོས་འབེབས་བྱས་ལ། དེའི་ནང་འབྲུ་རིགས་ཐད་ཀར་ཁ་གསབ་དང་ཞིང་ལས་འཕྲུལ་ཆས་ཕྱོགས་བསྡུས་ཁ་གསབ་བྱས་པ་མུའུ་ཁྲི14.98ལ་སླེབས་ཤིང་། ཁ་གསབ་མ་དངུལ་སོ་སོར་སྒོར་ཁྲི452.48དང671.23དངོས་འབེབས་བྱས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ལ་མ་དངུལ་སྒོར་ཁྲི228དངོས་འབེབས་བྱས་ནས་རོང་འབྲོག་པའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་མ་དངུལ་སྒོར་ཁྲི607སྐུལ་ཁྲིད་བྱས། ཞིང་ལས་ལོ་ཏོག་འདེབས་འཛུགས་ཁ་གསབ་རྒྱ་ཁྱོན་མུའུ་ཁྲི13.89ལ་སླེབས་པ་དང་ཁ་གསབ་མ་དངུལ་སྒོར་ཁྲི138.9དངོས་འབེབས་བྱས། ཕྱུགས་རིགས་རྒྱུད་བཟང་ཁ་གསབ་མ་དངུལ་སྒོར་ཁྲི12དངོས་འབེབས་བྱས།  །

  • ལེ་ཚན་སྔོན་མ།:དཔའ་རིས་རྫོང་གིས་སྐབས་གཉིས་པའི་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་གཏམ་བཤད་འགྲན་སྡུར་སྤེལ་བ།
  • ལེ་ཚན་རྗེས་མ།:ཀྲང་ཀའོ་ལིས་ཀྱིས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།