རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2014-01-08
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་རོགས་སྐྱོར་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་བཏང་སྟེ། དོ་དམ་ཞིབ་ཕྲ་ཅན་དུ་གཏོང་བར་ཤུགས་བསྣན་ཞིང་། ཤང་གྲོང་སྤྱི་ཚོགས་རོགས་སྐྱོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རོགས་སྐྱོར་བྱ་བར་ཁག་ཐེག་བྱས་ལ། ཧུར་བརྩོན་གྱིས་རོགས་སྐྱོར་སྤྱི་གྲངས་རྒྱ་བསྐྱེད་པ་དང་། ཤུགས་ཆེན་པོས་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས།
ན་ནིང་། དཔའ་ལུང་དམངས་སྲིད་སྡེ་ཁག་གིས་རྫོང་ཡོངས་ཀྱི་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་བྱ་བར་དུས་བཅད་ལྟར་འཐེན་ཞིབ་དང་བསྐྱར་ཞིབ་བྱས་པའི་རྨང་གཞིའི་སྟེང་། དུས་ལྟར་རིགས་སོ་སོའི་དམངས་སྲིད་རོགས་སྐྱོར་བྱེད་ཡུལ་གྱི་ཞིབ་བཤེར་གཙང་སེལ་དང་འགུལ་སྤྱོད་དོ་དམ་བྱ་བ་སྤེལ་ཏེ། སྤྱི་ཡོངས་ཀྱི་འགན་སྲུང་ཆ་ཚད་ཇེ་མཐོར་བཏང་། དམངས་ཕན་སྲིད་ཇུས་རང་བཞིན་གྱི་ཁ་གསབ་མ་དངུལ་དངོས་འབེབས་འབྲེལ་མཐུད་བྱས་པའི་རྨང་གཞིའི་སྟེང་སྤུས་ཚད་འགན་སྲུང་བྱེད་ཚད་ཇེ་མཐོར་གཏོང་བ་དམིགས་འབེན་དུ་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་ལྔ་སྐྱོང་ཁྱིམ་ཚང་གསོ་གཉོར། བགྲེས་སོང་ཁ་གསབ། དབང་བོ་སྐྱོན་ཅན་མི་སྣའི་འཚོ་བའི་ཁ་གསབ། སྨན་བཅོས་རོགས་སྐྱོར། དྭ་ཕྲུག་རོགས་སྐྱོར། གནས་སྐབས་རོགས་སྐྱོར་སོགས་ཀྱི་ལམ་ལུགས་འཐུས་ཚང་དང་དངོས་འབེབས་བྱས་ནས། དོ་དམ་ཞིབ་ཕྲ་ཅན་དུ་གཏོང་བར་ཤུགས་བསྣན་པ་དང་། ཤང་གྲོང་གི་སྤྱི་ཚོགས་རོགས་སྐྱོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ལ། ཧུར་བརྩོན་གྱིས་རོགས་སྐྱོར་སྤྱི་གྲངས་རྒྱ་བསྐྱེད་དེ་ཤུགས་ཆེན་པོས་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས། གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི8530ལ་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི2790.1བྱིན་པ་དང་། “དུས་ཆེན་གཉིས”ཀྱི་སྐབས་སུ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི188.4བྱིན། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི25200ལ་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི3862.12བྱིན་པ་མ་ཟད། “དུས་ཆེན་གཉིས”ཀྱི་སྐབས་སུ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི504.4བྱིན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10