ལྷ་ས་གྲོང་ཁྱེར་གྱིས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར1.58བཏང་བ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2014-01-07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་ལྷ་ས་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་ཁྲི15863བཏང་བ་དང་། ལོ་སྔོན་མའི་དུས་མཉམ་ལས158%འཕར་ཡོད་དེ་ལོ་རྒྱུས་ཟིན་ཐོ་གསར་བ་བསྐྲུན།
2013ལོའི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་རོང་འབྲོག་མང་ཚོགས་ཆུ་བེད་ལས་གཞི་འཛུགས་སྐྲུན་ཕྱོགས་སུ་སྣེ་ཁྲིད་དེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་སྒོར་ཁྲི300ལ་ཉེ་བ་འཕར་སྣོན་བྱུང་བར་རོགས་རམ་བྱས། དེ་མིན་ཆུ་འདོན་ས་ཚུགས25བསྐྲུན་ཞིང་། ཞིང་སྡེའི་སྡེ་མི་དང་སློབ་གྲྭའི་དགེ་སློབ་མི4904ཡི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་བཅད་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་ཞིང་སྡེའི་འཐུང་ཆུ་བདེ་འཇགས་བཟོ་སྐྲུན་འཆར་འགོད་ཁྲོད་ཀྱི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་ནས། འཐུང་ཆུ་བདེ་འཇགས་ཁྱབ་གདལ་བྱེད་ཚད95%ཡན་ལ་སླེབས།  །

  • ལེ་ཚན་སྔོན་མ།: 2014ལོའི་དུས་ཆེན་དང་གུང་གསེང་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པ།
  • ལེ་ཚན་རྗེས་མ།:དཔའ་ལུང་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དཀའ་ངལ་མང་ཚོགས་ལ་དྲོད་སྐྱིད་བསྐྱལ་བ།
  • དོ་སྣང་ཆེ་བའི་རྩོམ།