ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།ཀྲུང་གོ་སྲིད་གཞུང་དྲ་བའི་ཐོག་ཚེས་11ཉིན་སྤེལ་བའི་གནས་ཚུལ་གཞིར་བཟུང་།སང་ལོའི་དཔྱིད་གསར་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་ཁག་སོ་སོར་ངལ་གསོ་ཉིན་7འཇོག་རྒྱུ་ཡིན་པ་རེད།དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་དེ་དེ་སྔའི་ལུགས་རྙིང་ལོའི་གནམ་གང་ནས་ཟླ་བ་དང་པོའི་ཚེས་2བར་ཡིན་པ་དེ་ཟླ་དང་པོའི་ཚེས་གཅིག་ནས་ཚེས་གསུམ་བར་སླར་གསོ་བྱ་རྒྱུ་དང་།གནམ་ལོ་གསར་ཚེས་ལ་ངལ་གསོ་ཉིན་1འཇོག་རྒྱུ།དྭངས་གསལ་དུས་ཆེན་དང་།ངལ་རྩོལ་དུས་ཆེན།ལྔ་པའི་ཚེས་ལྔའི་དུས་ཆེན།ཟླ་མཆོད་དུས་ཆེན་བཅས་ཚང་མར་ངལ་གསོ་ལེགས་སྒྲིག་གམ་ཡང་ན་ཉིན་3བསྟུད་མར་ངལ་གསོ་བྱ་རྒྱུ་ཡིན་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《རྒྱལ་ཡོངས་ཀྱི་ལོ་གསར་དང་དྲན་གསོའི་ཉིན་མོའི་ངལ་གསོ་བྱེད་ཐབས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་སང་ལོའི་དུས་ཆེན་དང་གུང་གསེང་བཀོད་སྒྲིག་སྐོར་གྱི་བརྡ་ཐོ་གཞིར་བཟུང་།2014ལོའི་གནམ་ལོ་གསར་ཚེས་དང་།དཔྱིད་གསར་དུས་ཆེན།དུར་མཆོད་དུས་ཆེན།ངལ་རྩོལ་དུས་ཆེན།ལྔ་པའི་ཚེས་ལྔའི་དུས་ཆེན།ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་བཅས་ཀྱི་ངལ་གསོ་འཇོག་སྟངས་དང་ངལ་གསོ་ལེགས་སྒྲིག་གི་དུས་ཚོད་བཀོད་སྒྲིག་བྱས་པ་གཤམ་གསལ་།
གནམ་ལོ་གསར་ཚེས།2014ལོའི་ཟླ་1ཚེས་1ཉིན་ངལ་གསོ་ཉིན་གཅིག་འཇོག་རྒྱུ།