ཞིང་ཆེན་དཔལ་འབྱོར་དང་གྲོང་རྡལ་ཅན་གྱི་ལས་ཀའི་གྲོས་ཚོགས་ཁྲེང་ཏུའུ་ལ་འཚོགས།

ཐུབ་བསྟན་དང་ལྷ་འཛོམས་ཀྱིས་བསྒྱུར།        2014-01-07

 ཟླ་བ12པའི་ཚེས21ཉིན་ནས་ཚེས22ཉིན་གྱི་བར། ཞིང་ཆེན་དཔལ་འབྱོར་དང་གྲོང་རྡལ་ཅན་གྱི་ལས་ཀའི་ཚོགས་འདུ་དེ་ཁྲེང་ཏུའུ་ལ་འཚོགས་པ་རེད།
    གྲོས་ཚོགས་ཐོག་ཝང་ཏུང་མིང་གིས་ད་ལོའི་དཔལ་འབྱོར་ལས་ཀར་ཕྱོགས་བསྡོམས་གནང་ཤིང་སང་ལོའི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་དང་། ལས་འགན་གཙོ་བོ། ཁོང་དུ་ཆུད་དགོས་པའི་གནད་དོན་གལ་ཆེན་བཅས་མངོན་གསལ་བྱས་ཤིང་། མིག་སྔར་དང་ཕྱིན་ཆད་ཀྱི་དུས་རིམ་ནང་གི་གྲོང་རྡལ་ཅན་གྱི་ལས་ཀ་བཀོད་སྒྲིག་གནང་བ་རེད། ཝེ་ཧུང་གིས་སང་ལོའི་དཔལ་འབྱོར་ལས་ཀའི་སྔོན་བཀོད་དམིགས་ཡུལ་གཙོ་བོ་དང་སྲིད་ཇུས་བསྟར་ཕྱོགས་ལ་རྒྱས་བཤད་གནང་ཞིང་སང་ལོའི་དཔལ་འབྱོར་ལས་ཀ་བཀོད་སྒྲིག་ཞིབ་ཕྲ་མཛད་པ་རེད།
    གྲོས་ཚོགས་ཐོག་སང་ལོའི་དཔལ་འབྱོར་ལས་ཀའི་ལས་འགན་ཆེན་པོ་བདུན་བཏོན་པ་སྟེ། གཅིག་ནི་བཟོ་ལས་དཔལ་འབྱོར་འཕར་སྣོན་བརྟན་བརླིང་ཡོང་བར་སྐུལ་སྤེལ་བྱེད་དགོས། ལེགས་ཆ་ཆེ་བའི་ཐོན་ལས་ཆེན་པོ་བདུན་གྱི་གསོ་སྤེལ་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས།གཉིས་ནི་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་དེ་ཞིང་ལས་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། འབྲུ་རིགས་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་བརྟན་པོར་བཟོ་བ། ཞིང་ལས་ཐོན་རྫས་གཙོ་བོ་མཁོ་འདོན་ནུས་ལྡན་བྱ་རྒྱུར་འགན་སྲུང་བྱེད་ཅིང་། ཞིང་ལས་ཐོན་འཕར་དང་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། བཟོ་ཚོང་མ་རྩ་ཞིང་སྡེར་ཕྱིན་ནས་ཁེ་ལས་ཅན་གྱི་ཚོང་གཉེར་དང་འཚམ་པའི་དེང་རབས་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་མ་དང་སྣེ་ཁྲིད་བྱས་ཤིང་། སྣེ་ཁྲིད་ཁེ་ལས་དང་མཉམ་ལས་རྩ་འཛུགས། ཞིང་དུད་བཅས་ཕན་ཚུན་མཉམ་འགུལ་བྱེད་པའི་ཐོན་ལས་ཅན་གྱི་ནང་རྐྱེན་གསར་པ་ཁྱབ་སྤེལ་གཏོང་དགོས།གསུམ་ནི་དེང་རབས་ཀྱི་ཞབས་ཕྱི་ལས་རིགས་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་དགོས།ཁྱོན་ཡོངས་ནས་ཞབས་ཕྱི་ལས་རིགས་ཀྱི་གཙོ་གནད་ལས་རིགས་ཀྱིས་དཔེ་སྟོན་ཁྲིད་སྟོན་བྱས་ནས་ནུས་ཤུགས་གཅིག་བསྡུས་ཀྱིས་ནུབ་རྒྱུད་དངུལ་རྩ་ལྟེ་གནས་དང་དངོས་རྫས་བརྗེ་རེས་ལྟེ་གནས།ཉོ་ཚོང་ལྟེ་གནས་བཅས་ཀྱི་འཛུགས་སྐྲུན་ལས་ཀ་སྤེལ་དགོས།སྒེར་སྡོམ་རང་བཞིན་གྱི་ཞབས་ཕྱི་ལས་རིགས་བཅོས་བསྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩ་དང་སློབ་གསོ།རིག་གནས་སོགས་ཀྱི་ཁྱབ་ཁོངས་གོ་རིམ་ཡོད་པ་སྒོ་འབྱེད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞབས་ཕྱི་ལས་རིགས་ཚད་གསར་པ་མགྱོ གས་སུ་གྱུར་པ་བྱ་དགོས།བཞི་ནི་ཤུགས་ཆེན་པོས་གཙོ་གནད་ས་ཁོངས་ཀྱི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།ས་ཁོངས་འཕེལ་རྒྱས་འཆར་འགོད་དང་ཁྱད་པ་ཅན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཆ་རྐྱེན་འཛོམས་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་དགོས།ནུས་ཤུགས་གཅིག་བསྡུས་ཀྱིས་ཁྲེང་ཏུའུ་གྲོང་གསར་དང་ཁྲོན་ལྷོ།ཁྲོན་ཤར་བྱང་བཅས་གསར་དར་གྱི་འཕར་སྣོན་བྱེད་གནས་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་དགོས།ལྔ་ནི་སྤྱི་ཚོགས་འགན་སྲུང་ལ་ཤུགས་རྒྱག་པ་དང་དམངས་འཚོ་ལེགས་སུ་གཏོང་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།མུ་མཐུད་ནས་དམངས་འཚོའི་ལས་གྲྭ་བཅུ་ལག་ལེན་བྱས་ནས་དམིགས་བསལ་དུ་དམངས་འཚོ་དོན་དངོས་སྣ19ཡག་མོ་བསྒྲུབས་ནས་དམིགས་བསལ་ཡོད་པའི་སྒོ་ནས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་ཁེ་ཕན་ཐོབ་ཐུབ་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་དགོས།བརྟན་པོའི་སྒོ་ནས་དམངས་འཚོར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་ཞིང་།སྤྱི་ཚོགས་ཀྱི་ནུས་ཤུགས་སྤྱི་ཚོགས་བྱ་གཞག་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས།དྲུག་ནི་ཕྱོགས་གང་ཅིའི་ཐད་ནས་སྒོ་ཕྱེ་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས།བདུན་ནི་ས་འགུལ་དང་དྲག་ཆར།ཆུ་ལོག་གི་གནོད་སྐྱོན་ཐེབས་པའི་ས་ཁུལ་གྱི་ཉམས་གསོ་སྐྱར་འཛུགས་ལས་ཀར་ཡག་མོ་ཏན་ཏིག་འཛིན་དགོས།
  • ལེ་ཚན་སྔོན་མ།:བོད་རྒྱ་སྐད་གཉིས་ཀྱི《གེ་སར་རྒྱལ་པོའི་སྒྲུང》གི་འོད་སྡེར་ཐོག་མ་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།: 2014ལོའི་དུས་ཆེན་དང་གུང་གསེང་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།