མཚོ་སྔོན་པོ་དྲ་བ། 2014-01-06
བོད་རྒྱ་སྐད་གཉིས་ཀྱི《གེ་སར་རྒྱལ་པོའི་སྒྲུང》གི་འོད་སྡེར་ཐོག་མ་འགྲེམ་སྤེལ་བྱས་པ།
ཟླ1པོའི་ཚེས1ཉིན། གེ་སར་སྒྲུང་གི་སྒྲུང་པ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་བསྒྱུར་སྒྲིག་བྱས་པར་མ་ཟད། ཁོང་གིས་བཤད་པའི་བོད་རྒྱ་སྐད་གཉིས་ཀྱི《གེ་སར་རྒྱལ་པོའི་སྒྲུང》གི་འོད་སྡེར་ཐོག་མ་དེ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་ལྟེ་གནས་ཐང་ཆེན་དུ་ཐོག་མར་འགྲེམ་སྤེལ་བྱས་པ་རེད། ཐེངས་འདིར་བསྒྱུར་སྒྲིག་བྱས་པ་ནི《སྟག་གཟིག་ནོར་རྫོང》གི་སྒྲུང་ཁག་དེ་ཡིན་ཞིང་། ཁྱོན་བསྡོམས་ཤོག་ངོས50ལྷག་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་སྒྲུང་པ་འཇམ་དབྱངས་ཚུལ་ཁྲིམས་སོགས་མི20ལྷག་གིས《གེ་སར་རྒྱལ་པོའི་སྒྲུང》གི་སྒྲུང་ཁག60གཅིག་བསྡུ་དང་ལེགས་སྒྲིག་བྱས་ནས་རྒྱ་ཡིག་ཏུ་བསྒྱུར་ཏེ། བོད་རྒྱ་སྐད་གཉིས་ཀྱི་གེ་སྒྲུང་བསྒྲིག་འཆར་ཡོད་པར་མ་ཟད། བོད་རྒྱ་སྐད་གཉིས་ཀྱི་མཆན་བཏབ་པའི《གེ་སར་རྒྱལ་པོའི་སྒྲུང》གི་མུ་འབྲེལ་རི་མོ་པར་བསྐྲུན་བྱ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10