རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

        2014-01-06

རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

ཟླ་དང་པོའི་ཚེས་གསུམ་ཉིན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་བྱ་བའི་གྲོས་ཚོགས་ཟླ་དང་པོའི་ཚེས་གསུམ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་དང་བཅོས་བསྒྱུར་གསར་བསྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམ་པོར་དམིགས་པ་དང་། སྲ་བརྟན་གཉིས་ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས། དྲིལ་སྒྲོག་བསམ་བློའི་བྱ་བ་བཟང་བོར་བསྒྲུབ་སྟེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཐད་ལ་སྟོབས་དང་ལྡན་པའི་བསམ་བློའི་འགན་སྲུང་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར། བསམ་པའི་སྒུལ་ཤུགས། རིག་གནས་ཀྱི་ཆ་རྐྱེན་བཅས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། གནས་བབ་གསར་བའི་འོག་གི་དྲིལ་སྒྲོག་བསམ་བློའི་བྱ་བ་བཟང་བོར་བསྒྲུབ་དགོས་ན་ངེས་པར་དུ་དྲིལ་སྒྲོག་ལས་ཁུངས་སྟོབས་ལྡན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། ལས་འགན་ཁུར་ཐུབ་པའི་བསམ་བློ་དང་ཀུན་སྤྱོད་བཟང་བོ་འཛུགས་སྐྲུན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་དྲིལ་སྒྲོག་བསམ་བློའི་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། དྲིལ་སྒྲོག་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་བཀོད་སྒྲིག་བཟང་བོ་བྱས་ཏེ། ཕྱོགས་སོ་སོ་སྐུལ་སློང་བྱས་ནས་མཉམ་དུ་དྲིལ་སྒྲོག་བསམ་བློའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དྲིལ་སྒྲོག་བྱ་བའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་བྱ་བར་བཀོད་སྒྲིག་བྱས། ཁོས་རྩ་བའི་ལས་འགན་དམ་པོར་བཟུང་སྟེ། བཅོས་བསྒྱུར་འཕེལ་རྒྱས་བྱ་བ་བཟང་བོར་སྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་བ་དང་དངོས་གཉེར་གསར་བསྐྲུན་བྱེད་པར་འབད་པ་བྱེད་དགོས་ཞེས་ནན་གྱིས་བསྟན། །

  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ཐང་གའི་རིག་གནས་ཀྱི་ཡིག་ཚགས་བསྐྲུན་རྒྱུ་རེད།
  • ལེ་ཚན་རྗེས་མ།:བོད་རྒྱ་སྐད་གཉིས་ཀྱི《གེ་སར་རྒྱལ་པོའི་སྒྲུང》གི་འོད་སྡེར་ཐོག་མ་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།