རང་རྒྱལ་གྱིས་ཐང་གའི་རིག་གནས་ཀྱི་ཡིག་ཚགས་བསྐྲུན་རྒྱུ་རེད།

        2014-01-06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། «ཀྲུང་གོའི་ཐང་གའི་ཡིག་ཚགས་ཀྱི་ཡུལ་དངོས་ཁྱབ་བཤེར་བྱ་བའི་ལག་དེབ།»ཅེས་པའི་པར་བསྐྲུན་ཁྱབ་སྒྲོག་ཚོགས་འདུའི་སྟེང་གསལ་བསྒྲགས་བྱས་པ་ལྟར་ན། བོད་བརྒྱུད་ནང་བསྟན་གྱི་ཐང་གའི་རིག་གནས་ལ་སྲུང་སྐྱོབ་བྱེད་ཆེད་ཐང་གའི་རིག་གནས་ཀྱི་ཡིག་ཚགས་བསྐྲུན་རྒྱུ་ཡིན་ཞིང་། དེར་བསྡོམས་པས་པོ་ཏི་བཅུ་དྲུག་ཡོད།
ཐང་ག་ལྐོག་འཚོང་བྱེད་པ་དང་། སྤུས་ཞན་ཐང་ག་གང་སར་ཁྱབ་པ། སྤུས་ལེགས་ཐང་གར་གཏོར་བརླག་བཟོ་བ་སོགས་ཀྱི་གནད་དོན་ཁག་བྱུང་དང་འབྱུང་བཞིན་ཡོད་པས། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་ཐང་གའི་རིག་གནས་ལ་སྲུང་སྐྱོབ་བྱེད་ཆེད་ཐང་གའི་རིག་གནས་ཀྱི་ཡིག་ཚགས་བསྐྲུན་རྒྱུའི་ཐག་བཅད། རྒྱུས་ལོན་བྱུང་བ་ལྟར་ན«ཀྲུང་གོའི་ཐང་གའི་རིག་གནས་ཀྱི་ཡིག་ཚགས།»ཁྲོད་བོད་ལྗོངས་ཀྱི«ལྷ་སའི་པོ་ཏི།»(སྟོད་སྨད)དང་། «གཞིས་ཀ་རྩེའི་པོ་ཏི།»། མཚོ་སྔོན་གྱི«སེང་གེ་གཤོང་གི་པོ་ཏི།» «འཛོམ་ཉག་པོ་ཏི།» སི་ཁྲོན་གྱི«རྔ་བའི་པོ་ཏི།» «སྡེ་དགེའི་ཚོ་བརྒྱད་ཀྱི་པོ་ཏི།» ཀན་སུའུ་ཡི«ཀན་ལྷོའི་པོ་ཏི།» ཡུན་ནན་གྱི«བདེ་ཆེན་པོ་ཏི།» ས་གནས་སོ་སོ་དང་རྒྱལ་ཕྱིའི«ཐོར་བསྡུའི་པོ་ཏི།»དང«རྒྱལ་ཕྱིའི་པོ་ཏི།»སོགས་པོ་ཏི་བཅུ་དྲུག་འདུ། །

  • ལེ་ཚན་སྔོན་མ།:《ཀན་ལྷོའི་མཛའ་གཞས》ཞེས་པ་ཀྲུང་གོའི་ཕུགས་བསམ་གྱི་གློག་བརྙན་གསར་པའི་འགྲེམ་གཏོང་དུ་ཚུད་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།