བོད་ལྗོངས་ཀྱིས2013ལོར་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར24བཏང་བ།

    ཞིན་ཧྭ་དྲ་བ།    2014-01-03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ12པའི་ཚེས31ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར24བཏང་སྟེ། འགན་སྲུང་སྡོད་ཁང་ཁྲི3.9ལྷག་གི་གཙོ་གཞི་བཟོ་བསྐྲུན་ལེགས་གྲུབ་བྱུང་པས། ལོ་ཧྲིལ་བོའི་འཛུགས་སྐྲུན་ལས་འགན་གྱི90%ཟིན།
བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ཐིན་གྱི་སྡོད་ཁང་འགན་སྲུང་ཁྲུའུ་ཡི་འགན་འཁུར་མི་སྣའི་མཚམས་སྦྱོར་ལྟར་ན། བོད་ལྗོངས་སུ་ད་ལོར་འགན་སྲུང་སྡོད་ཁང་ཁྲི4.3འཛུགས་སྐྲུན་ལས་འགན་ཡོད་དེ། མིག་སྔའི་བར་ལས་གཞི་ཡོད་ཚད་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་ལ། ལེགས་གྲུབ་བྱུང་པའི་འགན་སྲུང་སྡོད་ཁང་གི་གྲངས་ཚད་དེ་ཉེ་བའི་ལོ3རིང་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བསྡོམས་གྲངས་ལས་བརྒལ་ཡོད།
བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ཐིན་གྱི་གཞི་གྲངས་ལྟར་ན། མིག་སྔའི་བར་། བོད་ལྗོངས་ཀྱིས་ལྗོངས་ཡོངས་ནས་གླ་བདེ་སྡོད་ཁང་ཁྲི2འཛུགས་སྐྲུན་བྱས་ཤིང་། སྤྱི་བའི་བོགས་གཏོང་སྡོད་ཁང་ཁྲི2.82འཛུགས་སྐྲུན་བྱས་ཡོད་ལ། རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་ཁྱིམ་ཚང་ཁྲི2.29འཛུགས་སྐྲུན་བྱས། དེའི་ནང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ལོ་སྔོན་མ་གསུམ་གྱི་ནང་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར36བཏང་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:སློབ་གསོ་པུའུ་ཡིས་རྡོ་རྗེ་མཁར་ལ“རྒྱལ་ཡོངས་ཀྱི་རང་དོར་གཞན་སྐྱོབ་ཕུལ་བྱུང་སློབ་མའི”མཚན་སྙན་གནང་བ།
  • ལེ་ཚན་རྗེས་མ།:ལོ་གསར་པའི་ཟློས་གར་མཚན་ཚོགས་པེ་ཅིན་དུ་གཉེར་བ།
  • དོ་སྣང་ཆེ་བའི་རྩོམ།