རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2014-01-03
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་སྤྱི་ཟླ12པའི་ཚེས31ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། སློབ་གྲོགས་རྡོ་རྗེ་མཁར་གྱི་ཡིད་སེམས་འགུལ་བའི་བྱས་རྗེས་ལ་གཟེངས་བསྟོད་བྱེད་ཆེད། སློབ་གསོ་པུའུ་ཡིས་སློབ་གྲོགས་རྡོ་རྗེ་མཁར་ལ“རྒྱལ་ཡོངས་ཀྱི་རང་དོར་གཞན་སྐྱོབ་ཕུལ་བྱུང་སློབ་མའི”མཚན་སྙན་གནང་རྒྱུར་ཐག་བཅད།
སློབ་གསོ་པུའུ་ཡིས་ས་ཁུལ་སོ་སོའི་སློབ་གསོ་སྡེ་ཁག་དང་ལས་རིགས་སློབ་གྲྭས་སློབ་གྲོགས་རྡོ་རྗེ་མཁར་ལ་སློབ་སྦྱོང་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་ཟབ་མོ་བྱས་ཏེ། སློབ་གྲོགས་རྡོ་རྗེ་མཁར་གྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། དེང་རབས་སློབ་གསོའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་གཅིག་ཏུ་སྦྲེལ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ཕུགས་འདུན་དྲིལ་སྒྲོག་སློབ་གསོ་བྱ་འགུལ་ཟུང་སྦྲེལ་གྱིས་སློབ་གསོས་མི་ཉིད་གཞི་རྩར་འཛིན་པ་དང་ཀུན་སྤྱོད་སློབ་གསོར་གཙིགས་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་ལས་རིགས་སློབ་གྲྭའི་སློབ་མའི་བསམ་བློ་ཀུན་སྤྱོད་སློབ་གསོའི་དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན། འགུག་ཤུགས་བཅས་ཇེ་མཐོར་གཏོང་དགོས། སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གྲོགས་རྡོ་རྗེ་མཁར་གྱི་སྔོན་དོན་བྱས་རྗེས་དེ་ལས་རིགས་སློབ་གྲྭའི་བསམ་བློའི་ཀུན་སྤྱོད་སློབ་གསོ་དང་མི་རིགས་མཐུན་སྒྲིལ་སློབ་གསོའི་ཁྲིད་བྱར་བཞག་སྟེ། རྒྱ་ཆེའི་ལས་རིགས་སློབ་གྲྭའི་སློབ་མ་རྣམས་ལ་སློབ་གསོ་དང་སྐུལ་ཁྲིད་བྱས་ཏེ་མིག་དཔེ་འདིར་བརྟེན་ནས་སློབ་སྦྱོང་ལ་དགའ་བ་དང་ངལ་རྩོལ་ལ་དགའ་བ། མེས་རྒྱལ་ལ་དགའ་བར་བྱེད་པ་དང་། ཧུར་བརྩོན་གྱིས་སྔོན་ཐོན་བརྩོན་ལེན་དང་གཞུང་དྲང་ཚིག་བརྩི། ལས་བཀུར་གཞུང་གཅེས་གྱི་སྤུས་ཚད་མཐོ་བའི་ངལ་རྩོལ་པ་དང་ནུས་རྩལ་འཇོན་མི་ཞིག་ཏུ་འགྱུར་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁུར་ལྗིད་མོ་ཕྲག་ཏུ་ལེན་དགོས་པའི་བླང་བྱ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10