ལོ་གསར་པའི་ཟློས་གར་མཚན་ཚོགས་པེ་ཅིན་དུ་གཉེར་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2014-01-03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ་2014ལོའི་ལོ་གསར་པའི་ཟློས་གར་མཚན་ཚོགས་སྤྱི་ཚེས་30ཉིན་གྱི་དགོང་མོ་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་འཚོགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་དེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆིའི་ཧྲན། ཀྲང་ཀའོ་ལིས་སོགས་ནས་རྒྱལ་སའི་མང་ཚོགས་སྟོང་ལ་ཉེ་བ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་ཏེ་ལོ་གསར་པ་ཤར་བར་བསུ་བ་ཞུས་པ་རེད། ད་ལོའི་ལོ་གསར་པའི་ཟློས་གར་མཚན་ཚོགས་ཀྱིས་ཟློས་གར་རིགས་མི་འདྲ་བ་དང་། འཁྲབ་སྟངས་མི་གཅིག་པ་གར་སྟེགས་གཅིག་གི་སྟེང་འཁྲབ་པས་ཕན་ཚུན་སྔར་བས་འོད་སྟོང་འཕྲོ་བ་དང་། ཀྲུང་ཧྭ་ཡི་ཟློས་གར་སྒྱུ་རྩལ་གྱི་ལོ་རྒྱུས་རིང་པོ་དང་ནང་དོན་གཏིང་ཟབ་པོ་མངོན་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་ཁག་ཅིག རྒྱལ་དོན་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་ཁག་ཅིག འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་ནས་འཁྲབ་སྟོན་ལ་གཟིགས་པ་རེད། །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས2013ལོར་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར24བཏང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས2013ལོར་མ་དངུལ་སྒོར་དུང་ཕྱུར1བཏང་ནས་སློབ་ཞུགས་སྔོན་གྱི་སློབ་གསོར་སྐུལ་འདེད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།