རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-12-31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་སྤྱི་ཚེས27ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་པ་དང་འབྲེལ་ནས་ཆེད་དོན་འདྲི་ཞིབ་བྱས། 
འདྲི་ཞིབ་བྱེད་སྐབས། ཨུ་ཡོན་མ་ཀྲི་ཝེ་ཡིས་ཧ་ཅང་དཀའ་ཁག་ཆེ་བའི་ས་ཁུལ་གྱིས་ཇི་ལྟར་དབུལ་སྐྱོར་གནད་དོན་ལག་བསྟར་བྱེད་པ་དང་ཨུ་ཡོན་ཁྲིན་ཞིག་རོང་གིས་ཇི་ལྟར་དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་མཁན་གྱི་ཡིག་རྨོངས་སེལ་བ་དང་དཀའ་ཁག་ཆེ་བའི་ས་ཁུལ་གྱི་བྱིས་པ་དང་ལྷག་པར་དུ་སློབ་གྲྭར་འགྲོ་མཚམས་བཞག་པའི་བུ་མོ་ཆུང་ཆུང་གི་གནད་དོན་ཐག་གཅོད་པ། ཨུ་ཡོན་ཧྥང་ཞིན་གྱིས་ཚན་རྩལ་གསར་སྤེལ་དང་དབུལ་སྐྱོར་དཔུང་སྡེ་འཛུགས་སྐྲུན་གནད་དོན་སོགས་ཀྱི་ཐད་ནས་བསམ་འཆར་བཏོན་པ་དང་འདྲི་ཞིབ་བྱས། 
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ། དམངས་སྲིད་པུའུ། ནོར་སྲིད་པུའུ། ཞིང་ལས་པུའུ། འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། མི་དམངས་དངུལ་ཁང་སོགས་ལས་ཁུངས་ཀྱི་འགན་ཁུར་བ་ཚོགས་འདུར་ཞུགས་ནས་བསམ་འཆར་ལ་ཉན་པར་མ་ཟད་འདྲི་ཞིབ་ལ་ནན་ཏན་སྒོས་ལན་བཏབ།  །
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བརྒྱ
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།