རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བརྒྱད་པ་སྤེལ་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-12-31

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས28ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆེད་དོན་འཆད་ཁྲིད་ཐེངས་བརྒྱད་པ་སྤེལ་བ་དང་། འཆད་ཁྲིད་ཀྱི་ཁ་ཡིག་ལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གལ་ལེགས་བྱེད་དགོས་ཞེས་པ་དེ་རེད། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆད་ཁྲིད་ལ་མགོ་འཛིན་མཛད། 
ཀྲང་ཏི་ཅང་གིས་གསུངས་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། ཆེས་མཐོའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་ཟེར། 
འཆད་ཁྲིད་བྱེད་མཁན་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཀྲི་ཞིན་གྱིས་འགྲེལ་བཤད་ཟབ་མོ་བྱས། ཁོས་བཤད་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཕྱིན་ཆད་དུས་སྐབས་ཤིག་གི་ནང་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤལེ་བར་སྤྱི་བསྡོམས་དང་བཀོད་སྒྲིག་བྱས་ཡོད་ཟེར། 
ཀྲུའུ་ཀྲི་ཞིན་གྱིས་ནན་གྱིས་བཤད་རྒྱུར། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ལ་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། བཅོས་བསྒྱུར་གྱི་ཇུས་གཞི་གལ་ཆེན་ལ་ཞིབ་འཇུག་བྱེད་པ་དང་མྱུར་དུ་འགོད་དགོས་ལ། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་བྱ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་ཟེར།  ། 
  • ལེ་ཚན་སྔོན་མ།:དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་འགའ་བྱུང་ནས་མི30ལྷག་ཤི་རྨས་བྱུང་།
  • ལེ་ཚན་རྗེས་མ།: རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་མཉམ་འབྲེལ་ཚན་
  • དོ་སྣང་ཆེ་བའི་རྩོམ།