བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁག35རྒྱལ་ཁབ་རིམ་པར་ཚུད་པ།

    མཚོ་སྔོན་པོ་དྲ་བ།    2013-12-27

 ཉེ་ཆར། རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ཀྱི་སྐོར་ཐེངས་བཞི་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་ལས་གཞིའི་འོས་སྦྱོར་དང་རེ་ཞུ་བྱ་བ་བདེ་བླག་ངང་མཇུག་རྫོགས་ཤིང་། ཐེངས་འདིར་རེ་ཞུ་བྱས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ཁག35ཡི་ཁྲོད་སྲོལ་རྒྱུན་གྱི་གླུ་གཞས་དང་། ཞབས་བྲོ། ཟློས་གར། མཛེས་རྩལ། གསོ་རིག་སོགས་རིགས་མང་པོ་འདུས།
  མིག་སྔར་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་བསྡོམས་པས་ཁག76ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁག323ཡོད་ལ། ཐེངས་འདིའི་རེ་ཞུ་ཡིས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བའི་གཏིང་ཇེ་ཟབ་ཏུ་བཏང་ཐོག  རིག་གནས་ཐོན་ཁུངས་ཀྱི་རང་སྐྱོང་ལྗོངས་ཆེན་པོ་ནས་རིག་གནས་གོང་སྤེལ་གྱི་རང་སྐྱོང་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་སུ་བསྒྱུར་བར་བསྐུལ་བ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ལོ་སར་བསུ་བའི་རིག་རྩལ་སྤྲོ་ཚོགས་ཚོགས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་དགོན་སྡེ་སྟོང་ཕྲག་ལྷག་ལ་ཆུ་དང་གློག་འཐེན་པ་དང་ལམ་ལས་པ།
  • དོ་སྣང་ཆེ་བའི་རྩོམ།