མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ལོ་སར་བསུ་བའི་རིག་རྩལ་སྤྲོ་ཚོགས་ཚོགས་པ།

        2013-12-27

མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ལོ་སར་བསུ་བའི་རིག་རྩལ་སྤྲོ་ཚོགས་ཚོགས་པ།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ལོ་སར་བསུ་བའི་རིག་རྩལ་སྤྲོ་ཚོགས་ཚོགས་པ།


  ཟླ་འདིའི་ཚེས25ཉིན་གྱི་དགོང་མོར་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བྱང་གླིང་རིག་རྩལ་འཁྲབ་སྟོན་ཁང་དུ་སློབ་མའི་ལས་དོན་ཁྲུའུ་ཡིས་གཙོ་སྒྲུབ་བྱས་པའི2014ལོའི་མི་རིགས་དགེ་ཐོན་སློབ་གླིང་གི་གནམ་ལོ་གསར་བ་བསུ་བའི་རིག་རྩལ་སྤྲོ་ཚོགས་གཟབ་རྒྱས་ངང་ཚོགས།  སྤྲོ་ཚོགས་ཀྱི་ཡུལ་དངོས་སུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དགེ་རྒན་རྒྱ་ཡེ་བཀྲ་བྷོ་དང་། སློབ་ཆེན་སློབ་མའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཞིན་ཆོན་ཀྲིག སློབ་ཆེན་སློབ་སྟོན་ཁྲུའུ་ཡི་ཁྲུའི་ཀྲང་གཞོན་པ་ཞེ་ཁོན། དེ་མིན་རང་སློབ་གླིང་གི་སྡེ་ཁག་སོ་སོའི་ཀྲུའུ་རིན་སོགས་གདན་ཞུའི་སྐུ་མགྲོན་ལྔ་བཅུ་ལྷག་དང་མིག་གསུམ་པའི་རྩོམ་རིག་གླེང་སྟེགས་ཚོགས་པ་དང་སློབ་གླིང་ཞབས་བྲོ་ཚོགས་པ། སྡོམ་བརྩོན་དམ་པ་ཚོགས་པ། ཚན་རྩལ་ཡིག་བསྒྱུར་ཚོགས་པ་སོགས་མི་རིགས་དགེ་ཐོན་སློབ་གླིང་གི་ཚོགས་པ་སོ་སོའི་འཐུས་ཚབ་མི་སྣ་སོགས་དགེ་སློབ་དྲུག་བརྒྱ་ལྷག་ཞུགས་ཡོད།

མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ལོ་སར་བསུ་བའི་རིག་རྩལ་སྤྲོ་ཚོགས་ཚོགས་པ།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ལོ་སར་བསུ་བའི་རིག་རྩལ་སྤྲོ་ཚོགས་ཚོགས་པ།

  མི་རིགས་དགེ་ཐོན་སློབ་གླིང་གི་སློབ་གྲོགས་དག་གིས་དམངས་གླུ་དང་ཞབས་བྲོ། ཁ་ཤགས་དང་བཞད་གར། སྙན་ངག་གྱེར་འདོན་དང་བཤད་པ་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་ཏུ་ཐོན་ཞིང་དུས་རབས་ཀྱི་སྙིང་སྟོབས་མངོན་པར་གསལ་བའི་རིག་རྩལ་གྱ་ནོམ་པ་འཁྲབ་སྟོན་བྱས་སྟེ་དགེ་སློབ་ཡོངས་ལ་གནམ་ལོ་གསར་བའི་ལེགས་སྐྱེས་སུ་ཕུལ་བར་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།  ཐེངས་འདིའི་གནམ་ལོ་གསར་བ་བསུ་བའི་རིག་རྩལ་སྤྲོ་ཚོགས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་དགའ་སྤྲོའི་ཐལ་མོའི་རྡེབ་སྒྲས་བསྐྱལ་ཅིང་སློབ་གླིང་ཞབས་བྲོ་ཚོགས་པ་དང་གླུ་བ་སྐལ་བཟང་ཚེ་རིང་སོགས་ཀྱི་སྙན་མོའི་འགྱུར་ཁུགས་དང་སྟངས་སྟབས་ཡག་པོས་ལྟད་མོ་བའི་ཡིད་དབང་ཅིག་ཅར་ཏུ་འཕྲོག

  • ལེ་ཚན་སྔོན་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་སྣེ་འདྲེན་ཞིང་ལས་ཁེ་ལས་3826ལ་སྒོར་དུང་ཕྱུར་30.95རྒྱབ་སྐྱོར་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁག35རྒྱལ་ཁབ་རིམ་པར་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།