མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-12-20
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས17ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕོ་ལན་གྲོས་ཞུགས་ཁང་གི་གྲོས་དཔོན་པའོ་ལུའུ་སེ་ཝེ་ཆི་ལ་མཇལ་འཕྲད་གནང་།
ཀྲང་ཏི་ཅང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་དང་། ཁྱད་པར་དུ2011ལོར་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏན་ལ་ཕབ་པའི་ཚུན་ལ། ཀྲུང་གོ་དང་ཕོ་ལན་གཉིས་ཀྱི་མཉམ་ལས་གྲུབ་འབྲས་མངོན་གསལ་གྱིས་ཆེ་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་ཡོད་ཟེར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ད་ལྟ་མཉམ་ལས་བྱས་པའི་རྨང་གཞིའི་སྟེང་ཕོ་ལན་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། དཔལ་འབྱོར་འཕེལ་རྒྱས་དང་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་ཐོན་ཐད་ནས་དགོངས་འཆར་བརྗེ་རེས་བྱེད་རྒྱུ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ས་གནས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཕོ་ལན་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
ཕའོ་ལུའུ་སེ་ཝེ་ཆི་ཡིས་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་གིས་མུ་མཐུད་དུ་བརྗེ་རེས་ལ་ཤུགས་བསྣན་ཏེ། ཕོ་ལན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་དགོས་པའི་རེ་བ་བཏོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10