མཚོ་སྔོན་གསར་འགྱུར་དྲ་བ། 2013-12-20
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོང་དོན་ལས་ཁུངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་བྱེད་པ་དེ་ལས་འགན་གཙོ་བོ་ཞིག་ཏུ་རྩིས་ནས་གཙིགས་སུ་བཟུང་ཞིང་། ཕྱོགས་བསྡུས་བྱེད་ཐབས་སྣ་མང་སྤྱད་དེ་སྤྱི་ཚོགས་འཛད་སྤྱོད་མུ་མཐུད་དུ་འཕར་བར་སྐུལ་འདེད་བཏང་།གཅིག་ནི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་། མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་རྒྱ་བསྐྱེད་པའི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས། ད་ལོའི་སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་མཚོ་སྔོན་གྱིས་ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱལ་བའི་སྲིད་ཇུས་གསར་བ་ལག་བསྟར་བྱས་ཤིང་། སྤྱི་ཟླ11པའི་ཟླ་མཇུག་བར་དུ། ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱལ་བའི་ཕྱིར་འཚོང་སྒོར་མོ་ཁྲི5722ལ་སླེབས་པ་དང་། ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱལ་བའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་ཁྲི484དངོས་འབེབས་བྱས།གཉིས་ནི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ། ཁྲིན་ཏུའུ་ཡི“མཚོ་སྔོན་གྱི་ཚོང་རྫས་འགྲེམ་སྟོན་ཆེན་མོ”སྤེལ་ཏེ། བསྡོམས་པས་ཡུལ་དངོས་སུ་ཕྱིར་འཚོང་བྱས་པའི་སྒོར་མོ་ཁྲི149.8ལ་སླེབས་ཤིང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར3.9ལ་སླེབས་ཡོད། “ཟས་རིགས་དུས་ཆེན”དང“རིག་གནས་དུས་ཆེན”། “སྡོད་ཁང་དང་རླངས་འཁོར་འགྲེམ་སྟོན”། གུང་གསེང་སོགས་དུས་ཆེན་གལ་ཆེན་སྐབས་སུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་ ཞིང་ཆེན་ནང་ཁུལ་གྱི་འགྲེམ་སྟོན་བྱ་འགུལ་གཙོ་བོ་དག་བེད་སྤྱད་དེ་མཚོ་སྔོན་གྱི་མིང་གྲགས་ཆེ་བའི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ལ་སྐུལ་འདེད་བཏང་སྟེ། ཤུགས་ཆེན་པོས་འཛད་སྤྱོད་གཞི་ཁྱོན་རྒྱ་ཇེ་ཆེར་བཏང་།གསུམ་ནི་ཞིང་ཆེན་ཡོངས་སུ་རིན་གོང་འཕྲི་འཐེན་གྱི་འཛད་སྤྱོད་སྐུལ་འདེད་བྱ་འགུལ་སྤེལ་ནས་མུ་མཐུད་དུ་ཁེ་ལས་ཀྱི་ཕྱིར་འཚོང་རྒྱ་བསྐྱེད་པའི་དུས་མཚུངས་སུ་རིན་གོང་གཏན་འཇགས་ལ་སྐུལ་འདེད་ཀྱི་ནུས་པ་བཏོན།བཞི་ནི་ཚོང་རའི་དཔལ་འབྱོར་ལམ་ལུགས་ལེགས་བཅོས་དང་ཚད་ལྡན་དུ་བཏང་སྟེ། ཚོང་དོན་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དྲང་བདེན་དང་བདེ་འཇགས་ཀྱི་འཛད་སྤྱོད་ཁོར་ཡུག་རྒྱུན་སྲུང་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10