རང་རྒྱལ་གྱི་རྩྭ་ཐང་སྐྱེ་ཁམས་ཞན་དུ་འགྲོ་བའི་རྣམ་པར་ཐོག་མར་འགོག་བཅོས་བྱས།

མིག་དམར་གྱིས་བསྒྱུར།        2013-12-19

 ཞིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར་འཚོགས་པའི་ཀྲུང་གོའི་རྩྭ་ཐང་བགྲོ་གླེང་ཚོགས་འདུ་ཐོག་ནས་ཤེས་རྟོགས་བྱུང་རྒྱུར། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་རྩྭ་ཐང་སྐྱེ་ཁམས་ཀྱི་ལས་གྲྭ་འཛུགས་སྐྲུན་ལ་མུ་མཐུད་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཞན་པ་དང་ཇེ་ཞན་དུ་འགྲོ་ཚབས་ཆེ་བའི་རྩྭ་ཐང་རྣམས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས་པར་བརྒྱུད། རང་རྒྱལ་གྱི་རྩྭ་ཐང་སྐྱེ་ཁམས་ལ་བཟང་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་སོང་བར་བརྟེན། རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ཞན་དུ་འགྲོ་བའི་རྣམ་པར་ཐོག་མར་འགོག་བཅོས་བྱེད་ཐུབ་པ་རེད།
    ཞིང་ལས་པུའུ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། 2006ལོ་ནས་2011ལོའི་བར། རྒྱལ་ཁབ་ཀྱིས་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར350ལས་བརྒལ་ཞིང་། གཙོ་བོ་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་དང་། རུ་སྤོས་འབྲོག་པའི་གཞིས་ཆགས་ཨར་ལས། རྩྭ་ཐང་གནོད་འབུ་བཅོས་སྐྱོང་། རྩྭ་ཐང་ལྟ་ཞིབ་ཚད་ལེན་བཅས་ཀྱི་ལས་གྲྭ་ལག་བསྟར་བྱེད་སའི་ཐད་སྤྱོད་ཡོད་པ་རེད།
    རྩྭ་ཐང་སྐྱེ་ཁམས་ལ་གནོད་པ་ཚབས་ཆེ་བའི་རྩྭ་ཐང་མེ་སྐྱོན་དང་གངས་སྐྱོན། ཨབ་ར་དང་འབུ་གནོད་སོགས་ཀྱི་གནོད་སྐྱོན་ཐད་ལ་རང་རྒྱལ་གྱིས་འགོག་བཅོས་དང་ཚོད་འཛིན་བྱེད་ནུས་ལ་སྔར་ལྷག་གིས་ཤུགས་སྣོན་བརྒྱབ་ཡོད། མིག་སྔར། རང་རྒྱལ་གྱིས་མུ་མཐུད་ནས་རྩྭ་ཐང་ལ་ཨབ་ར་དང་འབུའི་གནོད་པ་འགོག་བཅོས་ཀྱི་གཞི་ཁྱོན་རྒྱ་སྐྱེད་བྱས་ཤིང་སྐྱེ་དངོས་ནང་འཛུལ་བའི་གནོད་སྐྱེལ་ལ་ཕྱོགས་བསྡུས་འགོག་བཅོས་བྱས་ཏེ། རྩྭ་ཐང་གི་གངས་སྐྱོན་དང་ཐན་སྐྱོན་ལ་བབ་བསྟུན་གནོད་སེལ་གྱི་ནང་རྐྱེན་འཐུས་ཚང་དུ་བཏང་།འཁོར་སྐར་རྒྱང་ཚོར་སོགས་ལག་རྩལ་རྩེ་གྲས་སྤྱད་དེ་རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་གྱི་ལས་ཀ་བསྒྲུབས་ཤིང་རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད།

  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་སྡེའི་དངུལ་རྩ་ལས་ཁུངས་ལ་སྒོར་དུང་ཕྱུར41.05ཁ་གསབ་བྱས།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྤྱི་ཚོགས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།