ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་སྡེའི་དངུལ་རྩ་ལས་ཁུངས་ལ་སྒོར་དུང་ཕྱུར41.05ཁ་གསབ་བྱས།
མིག་དམར་གྱིས་བསྒྱུར། 2013-12-19
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་རྒྱུར།ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་2012ལོའི་ལོ་འཁོར་དུ་ཞིང་སྡེའི་དངུལ་རྩ་ལས་ཁུངས་ལ་ཁ་ཕྱོགས་གཏན་འཁེལ་བྱས་པའི་འགྲོ་གྲོན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར41.05བཏང་བས།ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ74འཕར་ཞིང་། གྲོང་གསེབ་དང་གྲོང་རྡལ་དངུལ་ཁང་དང་། དངུལ་བུན་སྤྱི་གཉེར་ཁང་། ཞིང་སྡེའི་མ་དངུལ་རོགས་རེས་མཉམ་ལས་ཁང་སོགས་རྣམ་པ་གསར་པའི་ཞིང་སྡེའི་དངུལ་རྩ་ལས་ཁུངས་རིགས་གསུམ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱ་རྒྱུ་དང་རྨང་གཞིའི་དངུལ་རྩ་ཞབས་ཕྱི་ཞན་པའི་ཤང་དང་གྲོང་རྡལ་གྱི་དངུལ་རྩ་ཞབས་ཞུར་འགན་ལེན་བྱ་རྒྱུ་རེད།
ནོར་སྲིད་པུའུ་དངུལ་རྩ་ཧྲིའི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་བྱས་པར། 2009ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱུན་མི་ཆད་པར་ཁ་ཕྱོགས་གཏན་འཁེལ་བྱེད་པའི་འགྲོ་གྲོན་ཁ་གསབ་ཀྱི་སྲིད་ཇུས་རྒྱ་སྐྱེད་བྱས་ཤིང་། ལོ་ལྔའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་ཁག་བགོས་ཏེ་མ་དངུལ་སྒོར་ཁྲི4189དང་། སྒོར་དུང་ཕྱུར2.19 སྒོར་དུང་ཕྱུར10.32 སྒོར་དུང་ཕྱུར23.27 སྒོར་དུང་ཕྱུར41.05བཅས་བཏང་སྟེ། ཞིང་སྡེའི་དངུལ་རྩ་ལས་ཁུངས་(ས་ཁུལ་གྱི་དངུལ་རྩ་ཞན་པའི་ལས་ཁུངས་)3785ལ་ཁྱོན་བསྡོམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར77.26བཏང་བ་རེད།
སྲིད་ཇུས་ཀྱི་ཕན་ནུས་འོག རྣམ་པ་གསར་པའི་ཞིང་སྡེའི་དངུལ་རྩ་ལས་ཁུངས་འཕེལ་རྒྱས་ཉུང་མགྱོ གས་པོ་བྱུང་བ་རེད། དེ་དང་ཆབས་ཅིག སྲིད་ཇུས་ཀྱིས་དངུལ་རྩ་ཞབས་ཕྱི་ཞན་པའི་ས་ཁུལ་གྱི་དངུལ་རྩའི་དྲ་བ་དང་ས་ཚུགས་འཛུགས་པར་སྐུལ་འདེད་བྱས། འབྲེལ་ཡོད་ཀྱི་གཏན་འབེབས་ལ་གཞིགས་ན། ཆ་རྐྱེན་འཛོམས་པའི་གྲོང་གསེབ་དང་གྲོང་རྡལ་དངུལ་ཁང་དང་དངུལ་བུན་སྤྱི་གཉེར་ཁང་། ཞིང་སྡེའི་དངུལ་རྩ་རོགས་རེས་མཉམ་ལས་ཁང་སོགས་རྣམ་པ་གསར་པའི་ཞིང་སྡེའི་དངུལ་རྩ་ལས་ཁུངས་རིགས་གསུམ་དང་། དེ་བཞིན་དུ་ནུབ་རྒྱུད་ཀྱི་རྨང་གཞི་དངུལ་རྩའི་ཞུབས་ཕྱི་ཞན་པའི་ཤང་དང་གྲོང་རྡལ2255ཡི་དངུལ་རྩ་ལས་ཁུངས་ཀྱི་དྲ་བ་དང་ས་ཚུགས་ཀྱིས་ཆ་སྙོམས་དངུལ་བུན་གཏོང་བའི་ལྷག་དངུལ་གྱི་བརྒྱ་ཆ2ལྟར་ཁ་གསབ་སྙན་ཞུ་བྱེད་ཆོག་ཅིང་། ཁ་གསབ་མ་དངུལ་དེ་ཀྲུང་དབྱང་ནོར་སྲིད་ཀྱིས་ཡོད་ཚད་འགན་ཁུར་རྒྱུ་རེད།