ཀྲུང་གོ་སྲིད་གཞུང་དྲྭ་ཚུགས་ཐོག་ཟླ་བ12པའི་ཚེས་10ཉིན་གནས་ཚུལ་སྤེལ་བར་གཞིགས་ན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སླར་ཡང་སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་68(དེའི་ནང་རྣམ་གྲངས2ནི་གསང་སྲུང་རྣམ་གྲངས་ཡིན་པས་གཏན་འབེབས་ལྟར་བརྡ་ཐོ་ལོགས་སུ་གཏོང་རྒྱུ)མེད་པ་བཟོས་པ་དང་གཤམ་སྤྲོད་བྱས་པ་དང་འབྲེལ།མེད་པ་བཟོས་པ་དང་གཤམ་སྤྲོད་བྱས་པའི་དོ་དམ་རིམ་པའི་སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་82ཀྱི་དཀར་ཆག་ཡོངས་བསྒྲགས་བྱས་པ་དེའི་ནང《སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་ཁག་གཅིག་མེད་པ་བཟོས་པ་དང་།གཤམ་སྤྲོད་བྱ་རྒྱུ་སོགས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》བཏོན་པའི་བཅའ་ཁྲིམས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་16(བཅའ་ཁྲིམས་ལྟར་གཏན་འཁེལ་བྱས་པའི་གོ་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་ནས་འབྲེལ་ཡོད་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ)ཚུད་ཡོད།
རྒྱལ་སྲིད་སྤྱི་ཁབ་ཁང་གིས་ད་དུང་འབྲེལ་ཡོད་བཅའ་ཁྲིམས་ལྟར་བཙུགས་པའི་སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་7མེད་པ་བཟོ་རྒྱུ་དང་གཤམ་སྤྲོད་བྱ་རྒྱུའི་གྲོས་འགོ་བཏོན་པ་དེ་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་བཟོ་བཅོས་རྒྱག་རྒྱུར་ཕུལ་རྒྱུ་རེད།མེད་པ་བཟོས་པའི་སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་ནང་རྡོ་སོལ་ཐོན་སྐྱེད་འཁྲོལ་འཛིན་ལག་ཁྱེར་ཞིབ་སྤྲོད་དང་།རྡོ་སོལ་གཉེར་སྐྱོང་ཁེ་ལས་འཛུགས་པའི་ཞིབ་བཤེར་མཆན་འགོད།དམངས་བཙུགས་སློབ་གྲྭར་སློབ་སྤྱི་གདན་ཞུའི་ཞིབ་བཤེར་ཆོག་མཆན་སོགས་ཚུད་ཡོད་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་མེད་པ་བཟོ་རྒྱུ་དང་གཤམ་སྤྲོད་བྱེད་རྒྱུའི་དོ་དམ་རིམ་པའི་སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་དོན་འཁྱོལ་དང་།སྦྲེལ་མཐུད་ལས་དོན་ལེགས་པར་བསྒྲུབ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་བཅོས་བསྒྱུར་དང་འབྲེལ་ཡོད་ལམ་ལུགས་འཛུགས་སྐྱོང་མགྱོ གས་པོ་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས“གཤམ་སྤྲོད”ལ་སྐུལ་མ་གཏོང་དགོས་པ་དང་ཆབས་ཅིག རྗེས་མཐུད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཐོག་གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ་ཡག་པོ་བྱེད་ཐུབ་པ་བྱ་དགོས།སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཞུང་གི་འགན་ནུས་མགྱོ གས་པོ་སྒྱུར་རྒྱུའི་རེ་འདུན་ལྟར།མུ་མཐུད་ནས་བློ་བརྟན་འགྱུར་མེད་ངང་སྲིད་འཛིན་ཞིབ་བཤེར་མཆན་འགོད་ལམ་ལུགས་ཀྱི་བཅོས་སྒྱུར་ལ་སྐུལ་མ་གཏོང་བ་དང་སྲིད་འཛིན་ཞིབ་བཤེར་མཆན་འགོད་རྣམ་གྲངས་གཙང་བཤེར་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།