གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་རྒྱུས་ལོན་པ་ལྟར་ན།མིག་སྔའི་བར་དུ་ལྗོངས་ཡོངས་ཀྱིས་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ཁྲི2.9ལྷག་སྤྱི་ཚོགས་འགན་སྲུང་མ་ལག་ཁྲོད་བཅུག་ཡོད་པ་རེད།
2011ལོ་ནས་བཟུང་།བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་རེར་མ་དངུལ་སྒོར་ཁྲི1300ལྷག་ཁ་གསབ་རོགས་སྐྱོར་བྱས་ཏེ།གྲྭ་བཙུན་རྣམས་རིམ་བཞིན་སྤྱི་ཚོགས་འགན་སྲུང་མ་ལག་ཁྲོད་བཅུགམིག་སྔར།སྒྲིག་ཁོངས་སུ་ཡོད་པས་གྲྭ་བཙུན་ཚང་མས་སྨན་བཅོས་འགན་བཅོལ་དང་།རྒན་གསོ་འགན་བཅོལ།མ་མཐའི་འཚོ་བའི་འགན་སྲུང་།ཚེ་སྲོག་ཐོལ་བྱུང་ཉེན་ཁའི་འགན་བཅོལ་བཅས་བེད་སྤྱོད་བྱེད་བཞིན་ཡོད་དེ།བོད་ལྗོངས་ཀྱིས་གྲྭ་འཙུན་རྣམས་ལ་ལོ་རེར་ཐེངས་རེར་གཟུགས་པོ་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད།གྲྭ་བཙུན་གྱི་རྒན་གསོ་ཁང་བཙུགས་ཏེ་ནད་གཞིར་སྨན་བཅོས་བྱས་ནས་རྒན་པ་རྣམས་ལ་གསོ་སྦྱོང་བྱེད་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན།བོད་ལྗོངས་ཡོངས་སུ་མིག་སྔར་ཆོས་ལུགས་སྤེལ་ས1700ལྷག་ཡོད་ཅིང་།གྲྭ་བཙུན་རྣམས་ལ་རིགས་སོ་སོའི་སྤྱི་ཚོགས་འགན་སྲུང་མཁོ་འདོན་བྱེད་པ་ལས་གཞན།ཉེ་བའི་ལོ་འགའི་རིང་ལ།བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དགོན་པ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་་གཏན་འབེབས་བྱས་ཏེ།གྲྭ་བཙུན་རྣམས་ཀྱི་འཚོ་བའི་ཁོར་ཡུག་དང་སྒོམ་རྒྱག་པའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན།མིག་སྔའི་བར་དུ་བོད་ལྗོངས་ཀྱིས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་རིགས་སོ་སོའི་འགྲོ་གྲོན་མ་དངུལ་སྒོར་དུང་ཕྱུར8ལྷག་བཏང་ཡོད་པ་རེད། །