ཀྲུང་གོའི་གྲངས་ཉུང་མི་རིགས་གནའ་དཔེ་གཅེས་ནོར་ཞེས་པ་དེ་ཀོང་ཞིའི་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས།

    མཚོ་སྔོན་པོ་དྲ་བ།    2013-12-20

ཀྲུང་གོའི་གྲངས་ཉུང་མི་རིགས་གནའ་དཔེ་གཅེས་ནོར་ཞེས་པ་དེ་ཀོང་ཞིའི་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཏང་ཨུའུ་སྤྱི་ཁྱབ་ཧྲུའུ་ཅུ་ཧོང་ཡན་གྱིས་ཚོགས་མགོ་རྩོམ་བཞིན་པ།

      མི་རིགས་རིག་གནས་དར་སྤེལ་དང་དཔེ་མཛོད་ཁང་བར་གྱི་ལས་དོན་འབྲེལ་འདྲིས་ལ་ཤུགས་སྣོན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་ཆེད། ཀྲུང་གོའི་གྲངས་ཉུང་མི་རིགས་གནའ་དཔེ་གཅེས་ནོར་ཞེས་པ་དེ2013ལོའི་ཟླ12པའི་ཚེས17ཉིན་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས། ཐེངས་འདིའི་འགྲེམ་སྟོན་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོངས་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་དང་ཀོང་ཞི་ཀྲོང་རིགས་རང་སྐྱོངས་ལྗོངས་དཔེ་མཛོད་ཁང་གཉིས་ཀྱིས་གཙོ་སྐྱོང་དང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་འགན་སྐྱོང་གནང་བ་ཡིན།

ཀྲུང་གོའི་གྲངས་ཉུང་མི་རིགས་གནའ་དཔེ་གཅེས་ནོར་ཞེས་པ་དེ་ཀོང་ཞིའི་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས།
ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་འགོ་གཙོ་གཞོན་པ་བྱམས་པ་ལགས་ཀྱིས་ལྟ་སྐོར་བ་
རྣམས་ལ་མི་རིགས་དཔེ་རྙིང་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

      ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་རིག་གནས་ཐིང་སྤྱི་ཚོགས་རིག་གནས་ཁྲུའུ་ཁྲུའུ་ཀྲང་ཧོང་ཡོན་ཞིའི་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འགོ་གཙོ་ཞིའི་ཞེན་ལོའོ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དཔེ་རྙིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བེའི་རོའོ་ཀྲོའོ། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་འགོ་གཙོ་གཞོན་པ་བྱམས་པ་བཅས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་ཐེངས་འདིའི་འགྲེམ་སྟོན་མཛད་སྒོའི་སྟེང་དུ་ཞུགས་ལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཏང་ཨུའུ་སྤྱི་ཁྱབ་ཧྲུའུ་ཅུ་ཧོང་ཡན་གྱིས་འགྲེམ་སྟོན་མཛད་སྒོ་གཙོ་སྐྱོང་གནང་།
      ཐེངས་འདིའི་འགྲེམ་སྟོན་ནི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་སྤེལ་བའི་ལས་འགན་གཙོ་བོ་ཞིག་ཡིན་ལ། ཐེངས་དང་པོར་མཐོང་དཀོན་པའི་མི་རིགས་ཁག་གི་དཔེ་རྙིང་ཀོང་ཞིའི་མི་དམངས་ལ་གཟིགས་མོལ་དུ་ཕུལ་ནས་གྲངས་ཉུང་མི་རིགས་ཀྱི་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་དང་། མི་རིགས་རིག་གནས་ཀྱི་སྙིང་བཅུད་ལ་རོལ་མྱོང་། མི་རིགས་སོ་སོའི་གསར་གཏོད་མཛད་པའི་བསམ་པའི་འཚོ་བཅུད་ལ་འཚོལ་རྟོག མི་རིགས་ཕན་ཚུན་བར་རིག་གནས་བསམ་བློ་བརྗེ་རེས་ལ་སྐུལ་སྤེལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་དོན་སྙིང་ཆེས་ཆེར་ལྡན་ཡོད།

ཀྲུང་གོའི་གྲངས་ཉུང་མི་རིགས་གནའ་དཔེ་གཅེས་ནོར་ཞེས་པ་དེ་ཀོང་ཞིའི་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས།
ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེས་ས་གནས་མི་དམངས་ཀྱི་ཡིད་ཀྱི་དྭངས་བ་དྲངས།

      ཐེངས་འདིའི་འགྲེམ་སྟོན2013ལོའི་ཟླ10བའི་ནང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཀྲུང་གོའི་མི་རིགས་གནའ་དཔེ་གཅེས་ནོར་འགྲེམ་སྟོན་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང་། ཐེངས་དང་པོ་གྲངས་ཉུང་མི་རིགས་ས་ཁུལ་དུ་བཀྲམས་སྟོན་བྱས་པ་ཡིན། ཐེངས་འདིར་འགྲེམ་སྟོན་བྱས་པའི་དཔེ་རྙིང་ཚང་མ་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་རྒྱ་ཡིག་དང་སོག་ཡིག བོད་ཡིག ཡུ་གུར་གྱི་གནའ་ཡིག དབྱིས་ཡིག ཁྲའོ་ཞན་གྱི་ཡི་གེ་བཅས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་རྩ་ཆེན་རྐྱང་བ་ཡིན། བསྡོམས་པའི་ཡིག་རིགས་སྣ12ཀྱི་དཔེ་རྙིང70ཉེ་བ་འགྲེམ་སྟོན་བྱས་ཡོད། རྣམ་པའི་ཐད་མི་རིགས་སོ་སོའི་དུས་རབས་མི་འདྲ་བའི་ནང་བྱུང་བའི་གནའ་དཔེའི་བྲིས་གཟུགས་དང་པར་སྐྲུན། དཔེ་ཆའི་བཟོ་དབྱིབས་སྣ་ཚོགས་པ་ཕྱོགས་བསྡུས་ཀྱིས་མངོན་པར་བྱས་ཡོད།
 

ཀྲུང་གོའི་གྲངས་ཉུང་མི་རིགས་གནའ་དཔེ་གཅེས་ནོར་ཞེས་པ་དེ་ཀོང་ཞིའི་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས།
དཔེ་མཛོད་ཁང་གི་ཀློག་པ་པོ་རྣམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལྟ་ཞིབ་བྱེད་བཞིན་པ།

      ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ནི1959ལོར་བཙུགས་པ་ནས་བཟུང་། རྒྱལ་ནང་མི་རིགས་ཁག་གི་དཔེ་རྙིང་དང་ཡིག་ཆ་ཉར་ཚགས་དང་ལེགས་སྒྲིག ཞིབ་འཇུག ལྟ་ཀློག་གི་ཞབས་ཞུ་སོགས་ལ་ཧུར་བརྩོན་བར་མེད་གནང་བཞིན་ཡོད་ལ། མིག་སྔར་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ཁྲི20ལྷག་ཉར་ཚགས་བྱས་ཡོད། དེའི་ཁྲོད་རྒྱལ་ཁབ་ཕྱི་ནང་ཀུན་དུ་མཐོང་དཀོན་པའི་གནའ་དཔེ་རྩ་ཆེན་མི་ཉུང་བ་ཡོད། 2009ལོར་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཕུན་སུམ་ཚོགས་པའི་མི་རིགས་དཔེ་རྙིང་སྲུང་སྐྱོབ་དང་ཉར་ཚགས་འབྲས་བུར་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ རྒྱལ་ཡོངས་དཔེ་རྙིང་རྩ་ཆེན་སྲུང་སྐྱོབ་སྡེ་ཁག་ཁྲོད་བདམས་པ་དང་། དཔེ་རྙིང་སྣ73རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བསྒྲགས་བྱས་པའི་རྒྱལ་ཡོངས་གནའ་དཔེ་རྩ་ཆེན་གྱི་དཀར་ཆག་ཏུ་བདམས།
      ཀོང་ཞི་སློབ་ཆེན་དང་ཀོང་ཞི་མི་རིགས་སློབ་ཆེན། ཀོང་ཞི་དགེ་ཐོན་སློབ་ཆེན། ཀོང་ཞི་སྒྱུ་རྩལ་སློབ་གླིང་དཔེ་མཛོད་ཁང་། ཀོང་ཞི་ཉིན་རེའི་ཚགས་པར་དཔྱད་ཡིག་ཚན་ཁག ཀོང་ཞི་མི་རིགས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཁང་། ཀོང་ཞི་ས་གནས་ལོ་རྒྱུས་གཞུང་སྒྲུབ་ཁང་། ཀོང་ཞི་ཡིག་ཚགས་ཁང་བཅས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ལས་བྱེད་མི་སྣ། དཔེ་རྙིང་ལ་དགའ་ཞེན་ཆེ་བའི་མི་སྣ། གསར་འགོད་པ་སོགས་མི་སྣ200ལྷག་ཐེངས་འདིའི་མཛད་སྒོར་ཞུགས་ནས་དཔེ་རྙིང་འགྲེམ་སྟོན་ལ་ལྟ་ཞིབ་གནང་།
      ཐེངས་འདིའི་བཤམས་སྟོན་ཟླ12པའི་ཚེས22ཉིན་ཡོངས་སུ་མཇུག་བསྡུ་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཀྲང་ཏི་ཅང་གིས་ཕོ་ལན་གྲོས་ཞུགས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་བོད་ཡིག་སོགས་མི་རིགས་བདུན་གྱི་སྐད་ཡིག་གི་ལོ་ཙྰའི་རམ་འདེགས་མཉེན་ཆས་ཞིབ་འཇུག་གསར་སྤེལ་བྱ་
  • དོ་སྣང་ཆེ་བའི་རྩོམ།