ཟླ་བའི་ལྷ་མོ་ཨང་གསུམ་པ་ཟླ་བའི་གོ་ལར་ཐང་འབབ་ལམ་ལྷོངས་བྱུང་།

        2013-12-17

   

ཟླ་བའི་ལྷ་མོ་ཨང་གསུམ་པ་ཟླ་བའི་གོ་ལར་ཐང་འབབ་ལམ་ལྷོངས་བྱུང་།   

    ཀྲུང་གོའི་འཚོལ་ཞིབ་ཡོ་བྱད་སའི་གོ་ལའི་ཕྱིའི་གོ་ལར་ཐོག་མར་འབྱོར།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ།ཟླ་བའི་ལྷ་མོ་ཨང་གསུམ་པའི་འཚོལ་ཞིབ་ཡོ་བྱད་དེ་ཚེས་14ཉིན་གྱི་ཆུ་ཚོད་21དང་སྐར་མ་12ཀྱི་ཐོག་ཟླ་བའི་གོ་ལར་ཐང་འབབ་ལམ་ལྷོངས་བྱུང་བས་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་རང་ཚུགས་རང་བདག་ངང་ཟླ་བའི་གོ་ལར་འཁྲུལ་མེད་ཐང་འབབ་བྱེད་ནུས་ལྡན་པའི་རྒྱལ་ཁབ་ཨང་གསུམ་པར་གྱུར་བ་རེད།
    ཟླ་བའི་གོ་ལར་སྐྱོན་མེད་ཐང་འབབ་བྱེད་སྐབས་མཐོ་ཚད་སྤྱི་ལེ་15ཡི་ས་ནས་བྱེད་འགོ་ཚུགས་ཤིང་།རང་འབབ་ཀྱི་ཐབས་ལ་བརྟེན་ནས་མཐའ་མའི་སྨི་འགའ་ཞིག་བསྐྱོད་རྗེས་ཟླ་བའི་གོ་ལའི་ངོས་སུ་བརྟན་པོར་གཞི་ཚུགས་པའི་རྐང་པ་བཞི་པོ་དེའི་བརྡ་རྟགས་ལས་ཟླ་བའི་ལྷ་མོ་ཨང་གསུམ་པ་དེ་ཟླ་བའི་གོ་ལའི་ཧུང་དབན་ཁུལ་དུ་ཐང་འབབ་ལམ་ལྷོངས་བྱུང་བ་མཚོན་ཡོད་པ་རེད།
    དེ་ནི་མིའི་རིགས་ཀྱིས་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་བྱེད་སྒོ་130པ་ཡིན་ཞིང་།ཟླ་12ཚེས་2ཉིན་གྱི་ཆུ་ཚོད་དང་པོ་དང་སྐར་མ་30ཡི་ཐོག་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པའི་ཟླ་བའི་ལྷ་མོ་ཨང་གསུམ་པ་དེ་རང་རྒྱལ་གྱིས་འཕེན་གཏོང་བྱས་པའི་སའི་གོ་ལའི་ཕྱིའི་གོ་ལར་འཁྲུལ་མེད་ཐང་འབབ་བྱས་པའི་འཚོལ་ཞིབ་ཡོ་བྱད་དང་སྐོར་ཞིབ་ཡོ་བྱད་ཐོག་མ་དེ་ཡིན་ལ་1976ལོར་སུའུ་ལེན་གྱི“ཟླ་བའི་གོ་ལ་ཨང་24པའི”འཚོལ་ཞིབ་ཡོ་བྱད་ཟླ་བའི་གོ་ལར་འཁྲུལ་མེད་ཐང་འབབ་བྱས་རྗེས་ཀྱི་ཟླ་བའི་གོ་ལར་ཡང་བསྐྱར་སླེབས་པའི་མིའི་རིགས་ཀྱི་འཚོལ་ཞིབ་ཡོ་བྱད་ཐོག་མ་དེའང་ཡིན་པ་རེད།
    འཁྲུལ་མེད་ཐང་འབབ་ཡོ་བྱད་དང“རི་བོང”རྟགས་ཅན་གྱི་ཟླ་བའི་གོ་ལའི་འཁོར་ལོ་ལས་གྲུབ་པའི་ཟླ་བའི་ལྷ་མོ་ཨང་གསུམ་པའི་ཟླ་བའི་གོ་ལའི་འཚོལ་ཞིབ་ཡོ་བྱད་ཀྱི་སྤྱིའི་ལྗིད་ཚད་ཏུན་3.8ཙམ་ཡོད་པ་རེད།དེ་རྗེས་ཀྱི་ཆུ་ཚོད་འགའི་ནང“རི་བོང”རྟགས་ཅན་དེ་ཐང་འབབ་ཡོ་བྱད་ནས་ཁ་བྲལ་ཏེ་དུས་ཡུན་ཟླ་བ་གསུམ་ཙམ་གྱི་ཚན་རིག་གི་འཚོལ་ཞིབ་བྱེད་འགོ་ཚུགས་རྒྱུ་ཡིན་པ་དང་།ཐང་འབབ་ཡོ་བྱད་ནི་ཐང་འབབ་བྱ་ཡུལ་དེ་གར་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
    འདི་ནི་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་བརྙན་ཤེལ་ཆེ་མོའི་ཐོག་མངོན་པའི་ཟླ་བའི་གོ་ལར་འཁྲུལ་མེད་ཐང་འབབ་བྱས་པའི་ཟླ་བའི་ལྷ་མོ་ཨང་གསུམ་པའི་འཚོལ་ཞིབ་ཡོ་བྱད་རེད།
  • ལེ་ཚན་སྔོན་མ།: གཙང་གསུམ་འབྱུང་ཡུལ་གྱི་རྩྭ་རའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀར་ལེགས་བཅོས་བྱུང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་དགེ་རྒན་གྱི་ཀུན་སྤྱོད་ལས་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ
  • དོ་སྣང་ཆེ་བའི་རྩོམ།