སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་སྒྱུ་རྩལ་འཁྲབ་སྟོན་འགོ་ཚུགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-12-13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་འཁྲབ་སྟོན་ཉེ་ཆར་ནང་སོག་གི་ཧུ་ཧེ་ཧའོ་ཐེ་གྲོང་ཁྱེར་དུ་འགོ་ཚུགས་ཡོད་པ་རེད། དུས་ཡུན་ཉིན་བཞིའི་འཁྲབ་སྟོན་ཁྲོད་སོག་རིགས་ཀྱི་སྒྲུང་ཤོད་པ་དང་། ཏའེ་རིགས་ཀྱི་ཀྲང་ཧ་གཞས་མ་གཏམ། ཅིང་རིགས་ཀྱི་གླུ་མ་གཏམ། ཀྲོང་རིགས་ཀྱི་མོ་ལུན་གཞས་མ་གཏམ། ཏུང་རིགས་ཀྱི་པི་ཝང་རྡུང་དཀྲོལ་སོགས་གྲངས་ཉུང་མི་རིགས28ཀྱི་གཞས་མ་གཏམ་གྱི་ལེ་ཚན34ཚུད་པ་དང་། རྒྱལ་ཡོངས་ཞིང་ཆེན་དང་རང་སྐྱོང་ལྗོངས14ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་སྒྱུ་རྩལ་གྱི་ལས་དོན་པ300ཙམ་མཉམ་དུ་གར་སྟེགས་ཐོག་འགྲན་བསྡུར་བྱས་ནས་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱི་རྣམ་པ་ངོམས་ཡོད་པ་རེད། འཁྲབ་སྟོན་བྱེད་པའི་ལེ་ཚན་ནང་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམ་གཤིས་མངོན་པར་བྱེད་པའི་བརྩམ་བྱ་ཡོད་ལ་དུས་རབས་ཀྱི་དབྱངས་རྟ་དར་སྤེལ་གཏོང་བའི་ཕུལ་བྱུང་བརྩམ་བྱ་ཡང་ཡོད་པ་དང་། ལོ་རྒྱུས་སྙན་ངག་འདྲ་བའི་ལོ་རྒྱུས་ཀྱི་སྒྲུང་གཏམ་དང་། ངོ་མཚར་ཆེ་བའི་ཤོད་རྒྱུན་ཡོད་ལ། བདེ་སྐྱིད་འཚོ་བ་དང་། ཕོ་མོའི་བརྩེ་གདུང་བརྩོན་ལེན་ཆེད་དུ་འཐབ་རྩོད་བྱེད་པར་ཕུལ་བའི་བསྟོད་གླུ་ཡང་ཡོད་པས། ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ལ《པའོ་ཀང་སློབ་གསོའི་བྱ་དགའ》ཐོབ་པ།
  • ལེ་ཚན་རྗེས་མ།: གཙང་གསུམ་འབྱུང་ཡུལ་གྱི་རྩྭ་རའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀར་ལེགས་བཅོས་བྱུང་།
  • དོ་སྣང་ཆེ་བའི་རྩོམ།