བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ལ《པའོ་ཀང་སློབ་གསོའི་བྱ་དགའ》ཐོབ་པ།

        2013-12-13

  ཉེ་ལམ། 2013ལོའི《པའོ་ཀང་སློབ་གསོའི་བྱ་དགའ》དཔྱད་འདེམས་དང་བྱ་དགའ་སྟེར་བའི་ཚོགས་འདུ་ཧྲང་ཧེ་རུ་སྤེལ་བ་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་མང་པོ་ཞིག་ལ་བྱ་དགའ་ཐོབ་ཡོད་པ་རེད།
      ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི《པའོ་ཀང་སློབ་གསོའི་བྱ་དགའ》དཔྱད་འདེམས་ཁྲོད་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཇོ་དཀར་ལ་པའོ་ཀང་ཕུལ་བྱུང་དགེ་རྒན་གྱི་དམིགས་བསལ་བྱ་དགའི་མཚན་སྙན་ཐོབ་པ་དང་། བོད་ལྗོངས་སློབ་ཆེན་བཟོ་ལས་སློབ་གླིང་གི་དངོས་གཞིའི་སློབ་མ་ཀྲང་ཝེ་ཅིང་ལ་པའོ་ཀང་ཕུལ་བྱུང་གི་སློབ་མའི་བྱ་དགའ་ཐོབ་ཡོད་པ་རེད། དེ་མིན་བོད་ལྗོངས་སློབ་ཆེན་བཟོ་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་གཞོན་པ་རིན་ཆེན་ནོར་བུ་ལ་པའོ་ཀང་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ་པ་དང་། ལེའུ་ཡང་དང་། ཐན་ཀྲེ་ཧང་། སྐལ་བཟང་དབང་མོ། ཀྲའོ་ཡིས་ཙུན་བཅས་སློབ་མ་བཞི་ལ་པའོ་ཀང་ཕུལ་བྱུང་སློབ་མའི་བྱ་དགའ་ཐོབ་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་མཇུག་སྒྲིལ་བ།
  • ལེ་ཚན་རྗེས་མ།:སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་སྒྱུ་རྩལ་འཁྲབ་སྟོན་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།