བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་མཇུག་སྒྲིལ་བ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-12-13

སྤྱི་ཟླ12པའི་ཚེས6ཉིན་གྱི་དགོང་མོ། བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དེ་བོད་ལྗོངས་སློབ་ཆེན་ཞིང་ཕྱུགས་སློབ་གླིང་དུ་བདེ་བླག་ངང་མཇུག་སྒྲིལ་ཞིང་། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནི་དུས་ཡུན་ཟླ་གཅིག་ལྷག་ལ་སྤེལ་བ་དང་། གུང་གཞོན་ཚོགས་པ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་སློབ་མའི་མཉམ་འབྲེལ་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་གནང་སྟེ་བོད་ལྗོངས་མི་རིགས་སློབ་གླིང་དང་བོད་ལྗོངས་སློབ་ཆེན་ཞིང་ཕྱུགས་སློབ་གླིང་སོགས་མཐོ་རིམ་སློབ་གྲྭ་སོགས་སུ་སྤེལ་བ་རེད།
      སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་སློབ་རའི་གླུ་བ་འགྲན་བསྡུར་དང་། རྩོད་གླེང་འགྲན་བསྡུར། སྐད་གསུམ་གཏམ་བཤད་འགྲན་བསྡུར། ཡིག་གཟུགས་པར་ལེན་འགྲན་བསྡུར། རང་རྩོམ་འཕྲིན་ཐུང་འགྲན་བསྡུར། ཚོད་ལྟའི་ལས་མི་གདན་ལེན་འགྲན་བསྡུར། ལས་རིགས་གསར་གཏོད་ཉམས་མྱོང་མཉམ་སྤྱོད་འདུ་ཚོགས། རྒྱ་ཡིག་ཉན་འབྲི་འགྲན་བསྡུར་སོགས་བྱ་འགུལ་རྣམ་གྲངས18འདུས་ཤིང་། དེས་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་གླིང་། བོད་ལྗོངས་ཞིང་ཕྱུགས་སློབ་གླིང་། བོད་ལྗོངས་སྨན་རྩིས་སློབ་གླིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སོགས་སློབ་གྲྭ7གྱི་སློབ་མ5000ལྷག་གི་སྤྲོ་སེམས་བསྐྱེད་དེ་བྱ་འགུལ་དེ་དག་ཏུ་ཞུགས་ལ། སློབ་མའི་རིག་རྩལ་འཁྲབ་སྟོན་ཡང་ཕུན་སུམ་ཚོགས་པ་ཕུལ།
      རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་བ་དེ2016ལོར་བོད་ལྗོངས་སློབ་ཆེན་དུ་སྤེལ་འཆར་ཡོད་པ་རེད།
  • ལེ་ཚན་སྔོན་མ།:པེ་ཅིང་དུ་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་འགྲོ་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ལ《པའོ་ཀང་སློབ་གསོའི་བྱ་དགའ》ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།