པེ་ཅིང་དུ་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་འགྲོ་བ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-12-13

པེ་ཅིང་དུ་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་འགྲོ་བ།
རིག་གནས་བརྗེ་རེས་དང་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བོད་སྐད་ཡིག་དེ་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ལྗོངས་ཞིང་ལྔའི་བོད་རིགས་འདུས་སྡོད་ས་ཁུལ་དུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་པར་མ་ཟད། རང་རེའི་རྒྱལ་ཁབ་ཀྱི་རྒྱལ་ས་པེ་ཅིང་དུའང་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་ཡོད་དེ། པེ་ཅིང་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། བོད་ལྗོངས་ཆ་འཕྲིན་ཞིབ་འཇུག་ལྟེ་གནས། པེ་ཅིང་བོད་སྨན་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་སོགས་བོད་ཀྱི་རིག་གནས་རྐྱང་རྐྱང་གཉེར་པའི་ལས་ཁུངས་མང་པོ་ཡོད་པའི་ཁར། བོད་ཀྱི་རིག་གནས་དང་འབྲེལ་བའི་རིག་གནས་བྱ་འགུལ་དང་། གནས་སྐོར་བྱ་འགུལ། ཞབས་ཞུའི་ལས་རིགས་སོགས་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ཇི་བཞིན་མང་ནས་མང་དུ་འཕེལ་བཞིན་འདུག 
 

  • ལེ་ཚན་སྔོན་མ།:ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་སྤེལ་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་མཇུག་སྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།