ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་སྤེལ་བ།

        2013-12-13

ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་སྤེལ་བ།
ཟླ12པའི་ཚེས7ཉིན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་ཚོགས་ཤིང་། སློབ་གླིང་གི་དགེ་སློབ་ཀུན་གྱི་དགའ་མོས་དང་རེ་ལྟོས་ཆེ་བའི་བྱ་འགུལ་འགྲན་ཚོགས་འདི་ནི་ལོ་སྔོན་མ་ལས་ལྡབ་འགྱུར་གྱིས་གཟབ་རྒྱས་དང་རྒྱལ་ཁའི་ངང་སྤེལ།ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་སྤེལ་བ།

ཞོགས་པའི་ཆུ་ཚོད་དགུ་བ་ནས་དགེ་སློབ་གཉིས་ཀ་སློབ་ཁུལ་གསར་བའི་ལུས་རྩལ་ར་བར་འཛོམས་ནས་ཐེངས་འདིའི་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཤིང་། ཐེངས་འདིར་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བན་གོ་དང་རྒན་ཀུན་དབང་། ཚེ་གཟུངས་སྐྱབས། སྐལ་བཟང་ཉི་མ་སོགས་ལུས་རྩལ་འགྲན་ཚོགས་སྟེང་ཞུགས། དེ་མིན་སྒྱུ་རྩལ་སློབ་གླིང་སོགས་སློབ་གླིང་གཞན་པའི་སློབ་མའི་ཚབ་བྱེད་མི་སྣ། སློབ་གྲྭའི་གུང་གཞོན་ཚོགས་པ་སོགས་སློབ་གྲྭའི་ཚོགས་པ་གཞན་པའི་ཚབ་བྱེད་མི་སྣ། ཇོ་མོ་གླང་མའི་རྩོམ་རིག་ལྷན་ཚོགས་སོགས་སློབ་གླིང་གི་ལྷན་ཚོགས་གཞན་པའི་ཚབ་བྱེད་མི་སྣ།ད་དུང་། ཁྲིན་ཏུའུ་རྒྱ་སྨན་སློབ་གྲྭ་ཆེན་མོའི་སློབ་མ་བཅས་དགེ་སློབ་མང་བོ་འཛོམས་ཤིང་། རྒན་བན་གོས་དངོས་སུ་མཛད་སྒོའི་ཤིས་ཚིག་ཕུལ་བ་དང་།དགེ་སློབ་ཀུན་གྱི་ཐལ་མོའི་རྡེབ་སྒྲའི་བར་ནས་འགྲན་སྡུར་གྱི་རྣམ་གྲངས་རེ་རེ་བཞིན་འགྲན་སྡུར་བྱས།ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་སྤེལ་བ།

འགྲན་སྡུར་གྱི་རྣམ་གྲངས་ལ་ཐག་འཐེན་དང་གླང་ཆེན་ས་གཤགས།འཇུ་རེས།བོད་ལྭ་གྱོན་པ།མཐེ་འདེབས་པ།མིག་མངས།འགྱོག་རྡོ་སོགས་ཡོད་ཅིང་།ཉིན་གཅིག་གི་འགྲན་སྡུར་བརྒྱུད་ནས2013ལོའི་སྲིད་འཛིན་དོ་དམ་འཛིན་གྲྭ་གཉིས་པས་ཐག་འཐེན་གྱི་བྱ་དགའ་ཨང་དང་པོ་བླངས་པ་དང་བཅས་ཏེ་ཐེངས་འདིའི་འགྲན་ཚོགས་ཀྱི་མཇུག་བསྡུས་ཤིང་།འགྲན་ཞུགས་མི་སྣ་དང་ལྟད་མོ་བ་མང་བོས་བདེ་མོ་དང་སྤྲོ་འཛུམ་ཕན་ཚུན་ལ་འཇོག་གིན་རང་རང་སར་ལོག་ཅིང་། ཐེངས་འདིའི་འགྲན་ཚོགས་ཀྱི་ལས་སྒྲུབ་ལྷན་ཚོགས་ཏེ།སྒྲོན་སྟེགས་རྩོམ་རིག་ཚོགས་པས་ཐེངས་འདིའི་བྱ་འགུལ་རྒྱལ་ཁའི་ངང་མཇུག་བསྡུས་པ་རེད།
 

  • ལེ་ཚན་སྔོན་མ།:ཀྲང་ཀོང་རོང་གིས་བདེ་འཇགས་ས་ཁུལ་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།
  • ལེ་ཚན་རྗེས་མ།:པེ་ཅིང་དུ་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་འགྲོ་བ།
  • དོ་སྣང་ཆེ་བའི་རྩོམ།