ཀྲང་ཀོང་རོང་གིས་བདེ་འཇགས་ས་ཁུལ་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-12-13
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་ཚེས6ཉིན་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་།ཕེན་ཨན་རྫོང་ཕེན་ཨན་གྲོང་རྡལ་ཏུང་ཀྲོང་སྡེ་བ།ལོ་ཏུའུ་ས་ཁུལ་གཉན་པོ་གྲོང་རྡལ་ཞིན་ལོ་ཏུང་སྡོད་ཁུལ་བཅས་སུ་སོང་ནས་འགལ་བ་དང་རྩོད་གཞི་ཐག་གཅོད་པ་དང་བདེ་འཇགས་ས་ཁུལ་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།
ཕེན་ཨན་རྫོང་ཕེན་ཨན་གྲོང་རྡལ་ཏུང་ཀྲོང་སྡེ་བ་ནས་ཀྲང་ཀོང་རོང་གིས་བསྟན་དོན།ངེས་པར་དུ་འཕེལ་རྒྱས་དང་བརྟན་འཇགས་བྱ་བ་དེ་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བའི་རེ་བ་ལྟར།མི་དམངས་མང་ཚོགས་དང་གཞི་རིམ་རྩ་འཛུགས་ཀྱི་སྟོབས་ཤུགས་དང་སྒྲིག་གཞིའི་ནང་རྐྱེན་གསར་སྐྲུན་བྱེད་པ་རྒྱབ་རྟེན་བྱས་ཏེ།བདེ་འཇགས་ཐད་ཀྱི་མཚན་སྙན་ཇེ་ཆེར་གཏོང་དགོས་ཟེར།
ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན།རིམ་པ་སོ་སོའི་ཏང་ཨུ་དང་།སྲིད་གཞུང་གིས་འགལ་བ་དང་རྩོད་གཞི་ཐག་གཅོད་པའི་བྱ་བ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་དང་བདེ་འཇགས་ས་ཁུལ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས།གསར་སྐྲུན་བྱ་བ་དེ་སྟེགས་བུ་ཞིག་ཏུ་བརྩིས་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང་།བདེ་འཇགས་ས་ཁུལ་འཛུགས་སྐྲུན་བྱེད་པ་དེ་རྣམ་པ་ཞིག་ཏུ་བརྩི་བ།ཡུན་རིང་ཕན་པའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་ནས།འགལ་བ་དང་རྩོད་གཞི་ཐག་གཅོད་པ་དེ་རྒྱུན་ལྡན་ཅན་དང་།ཚད་གཞི་ཅན་དུ་ཡར་སྐུལ་བྱེད་དགོས་ཟེར།རིམ་པ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་དཀྱིལ་སྙིང་ལ་དམིགས་པ་དང་།ཆེ་ཕྱོགས་ལ་ཞབས་འདེགས་ཞུས་ནས།བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བར་སྔར་ལས་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་དང་།སྔར་ལས་ནུས་ལྡན་གྱི་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།།